དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྨར་ཁམས། ཡུལ་ལྗོངས་ལྟ་ན་སྡུག ཐོན་ཁུངས་ཕུན་སུམ་ཚོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-04

    སྨར་ཁམས་སུ་འགྲོ་མྱོང་མེད་པའི་མི་རྣམས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཚྭ་ཞིང་དང་། ཆུ་ཚན་ཁ བོད་ཀྱི་གནམ་བདག་ཆོས་ཁང་འབའ་ཞིག ཐུག་པ་ཡང་བླུགས། རྒུན་ཆང་དམར་པོ་སོགས་ནི་སྨར་ཁམས་ཀྱི་མཚོན་བྱེད་ལྟ་བུར་གྱུར་ཡོད།

    རྒྱལ་ལམ་གྱིས་ཁྱབ་པའི་ས་ཆ།

    ས་བབ་སྨི་3850ཡོད་པའི་སྨར་ཁམས་རྫོང་གྲོང་གནས་ཡུལ་སྒར་ཐོག་གྲོང་རྡལ་ནི་བོད་ཀྱི་ཤར་མཐའ་དང་ཆབ་མདོ་ས་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཆགས་ཤིང་། ཤར་ནས་སི་ཁྲོན་འབའ་ཐང་དང་། ལྷོ་ནས་ཡུན་ནན་འཇོལ་རྫོང་། ནུབ་ནས་བོད་ལྗོངས་མཛོ་སྒང་། བྱང་ནས་བོད་ལྗོངས་གོ་འཇོ་དང་བྲག་ཡིབ་བཅས་དང་འབྲེལ་བས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། སྨར་ཁམས་རྫོང་གྲོང་དེ་ཁྲོན་བོད་གཞུང་ལམ་གྱི་ལྷོ་ཐིག(རྒྱལ་ལམ་318)དང་ཡུན་བོད་གཞུང་ལམ(རྒྱལ་ལམ་214)གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པས་རྫོང་འགྲིམ་འགྲུལ་ཅུས་ཀྱི་ལས་དོན་མི་སྣས་སྨར་ཁམས་རྫོང་གི“ས་ཆ་མང་ཆེ་བར་རྒྱལ་ལམ་གྱིས་ཁྱབ་ཡོད”ཅེས་བཤད།

    གཞུང་ལམ་བསྐྲུན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

    2001ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ཀྱི་གྲོང་གསེབ་གཞུང་ལམ་ཐད་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་སྨར་ཁམས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་ལས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་ཞིང་འབྲོག་པར་ཕན་པ་མང་པོ་ཐོབ་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་སྔར་བས་བྱེད་མགྱོགས་སུ་བཏང་བ་ལས་སྨར་ཁམས་རྫོང་ལའང་ཕན་པ་མང་པོ་ཐོབ་ཡོད། 2013ལོར་སླེབས་སྐབས་རྫོང་དེ་ཡོངས་སུ་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཁྱོན་41བཀོད་སྒྲིག་གིས་གཞུང་ལམ་སྤྱི་ལེ་204.389གསར་དུ་བསྐྲུན་ནས་ཤང་དང་གྲོང་རྡལ་16གི་སྲིད་འཛིན་གྲོང་ཚོ་60ཡི་གཞུང་ལམ་གནད་དོན་ཐག་གཅོད་བྱས་པས་རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ནས་ཞིང་འབྲོག་པ་ཁྲི་8ལྷག་ཙམ་གྱིས་མིས་འཁུར་ཞིང་ཕྱུགས་ལ་འགེལ་བའི་གདོད་མའི་སྐྱེལ་འདྲེན་བྱེད་སྟངས་མཇུག་བསྒྲིལ་ནས་སྒྱུར་བཅོས་འཕེལ་རྒྱས་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཞུགས་ཐུབ་ཡོད་པ་རེད།

    རྫོང་གྲོང་གནས་ཡུལ་སྒར་ཐོག་གྲོང་རྡལ་ནི་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་བྱུང་བའི་མིང་དོན་གཉིས་མཚུངས་ཀྱི“སྐྱེལ་འདྲེན་གྲོང་རྡལ”ཞིག་ཡིན། གྲོང་རྡལ་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་དབང་བསྟན་འཛིན་གྱིས་གསར་འགོད་པར་སྒར་ཐོག་གྲོང་རྡལ་ལ་གྲོང་ཚོ(གྲོང་ལྷན)6ཡོད་ཅིང་། དང་ཐོག་མང་ཚོགས་ཚོས་ངལ་ནུས་ཕྱིར་གཏོང་བྱས་པ་བརྒྱུད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཁག་ནང་ཞུགས་ནས་ཡོང་འབབ་འཕར་བར་བྱས་པ་དང་། གཞུང་ལམ་བསྐྲུན་རྗེས་ཚང་མས་སྐྱེལ་འདྲེན་གྱི་ལས་ཀ་བྱས་ཤིང་། ད་ཆ་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་རེར་སྐྱེལ་འདྲེན་རུ་ཁག་རེ་ཡོད་ལ་ཁྱོན་སྐྱེལ་འདྲེན་རླངས་འཁོར་180ལྷག་ཙམ་ཡོད་པ་རེད། སྐྱེལ་འདྲེན་ལས་སྒོ་ལྷ་ས་དང་ཁྲེང་ཏུའུ་རུ་ཁྱབ་ཡོད་པ་དང་། ཕྱུག་པོ་ཆགས་པའི་མང་ཚོགས་ཚོས་སྐྱེལ་འདྲེན་ལ་བརྟེན་ནས་བསགས་པའི་དངུལ་སྤྱད་དེ་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་། བྱེ་རྡོ་ར་བ་སོགས་གཉེར་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བས་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་པོ་ཆགས་པར་བྱེད་པ།

    ཉེ་བའི་ལོ་ཤས་རིང།“སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་པོ་ཆགས་པར་བྱེད་པའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་ཆབས་ཅིག་ཚྭ་ཁ་ལྷོའི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཚྭ་ཞིང་དང་། ཆུ་ཚན་ཁ། གནམ་བདག་ཆོས་ཁང་། ཧུང་ལ་རི་བོའི་སྤྲེལ་ཁྲའི་རང་བྱུང་སྲུང་སྐྱོང་ཁུལ། འབྲོང་མཚོ། དར་མ་གཡུ་མཚོ། སྨར་ཁམས་ཀྱི་འབའ་གཞས་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མི་རིགས་ཀྱི་རིག་གནས་འབོར་ཆེན་གཏོད་པ་དང་མཚམས་སྦྱོར་བྱས་པས་ཡུལ་སྐོར་བ་མང་པོ་ཞིག་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    2014ལོའི་ཟླ་7ཚེས་9ཉིན་སྨར་ཁམས་རྫོང་གིས་མ་དངུལ་སྒོར་ཁྲི་3000བཏང་ནས་རོང་མེ་གྲོང་རྡལ་ལ་འོག་རྒྱལ་སྤྱིའི་རང་འཁོར་གཏོང་བ་དང་སྒར་ས་བརྒྱབ་ནས་སྡོད་སའི་རྣམ་གྲངས་དེ་སི་ཁྲོན་ཞིང་ཆེན་ཧྲེན་ཙེ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་དངོས་སུ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་རེད། རྣམ་གྲངས་དེ་སྐྲུན་འགོ་ཚུགས་པ་ནི་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་མཛེས་ལྗོངས་ལམ་ཆེན་ཡིན་པའི་རྒྱལ་ལམ་318རྒྱུད་ཀྱི་སྨར་ཁམས་སུ་རང་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། སྔོན་དཔག་བྱས་ན་2015ལོའི་ཟླ་6པར་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་ཡིན་པ་རེད།

    རྫོང་ཡུལ་སྐོར་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྒྱལ་ལམ་318རྒྱུད་ཀྱི་ཁྲོན་བོད་གཞུང་ལམ་དུམ་བུའི་ལམ་ངོས་གནས་ཚུལ་ལེགས་སུ་གཏོང་བ་དང་ཆབས་ཅིག་རྒྱལ་ལམ་318བརྒྱུད་ནས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་ནས་སྨར་ཁམས་རྫོང་དུ་ད་ཡོད་ཀྱི་ཡུལ་སྐོར་སྣེ་ལེན་སྒྲིག་བཀོད་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བརྟེན་ནས་སྒེར་འཁོར་གཏོང་བ་དང་སྒར་བརྒྱབ་ནས་སྡོད་ས་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་དེ་མིག་སྔའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དངོས་དང་འཚམ་པ་བྱ་རྒྱུ་དེ་ཡིན་ལ། སྨར་ཁམས་ཀྱི་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ནུས་ལྡན་བྱ་ཐབས་ཤིག་ཀྱང་རེད། 2014ལོར་སྨར་ཁམས་རྫོང་གིས་ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྣམ་གྲངས་འཆར་འགོད་ཀྱི་བླང་བྱར་གཞིགས་ནས་བོད་ཀྱི་ཁྱད་ཆོས་དང་བོད་ཤར་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་པ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ཞིང་། བོད་སྐྱོད་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དང་སྒར་ས་གསར་སྤེལ་ཚད་ཡོད་ཀུང་སི་དང་སི་ཁྲོན་རྨིན་ཧྲན་ཚོགས་པ་གཉིས་གྲུབ་འབྲས་ཐོབ་པའི་སྒོ་ནས་ནང་འདྲེན་བྱས་པའི་ཁར་མཉམ་འབྲེལ་ཐོག་2014ལོའི་ཟླ་3ཚེས་26ཉིན་སྨར་ཁམས་རྫོང་སྲིད་གཞུང་དང《སྨར་ཁམས་རྫོང་ལ་འོག་རྒྱལ་སྤྱིའི་རང་འཁོར་གཏོང་བ་དང་སྒར་བརྒྱབ་ནས་སྡོད་ས་དང་དེ་བཞིན་ལེ་ལག་ཚང་བའི་སྣུམ་སྣོན་ས་ཚིགས་གསར་སྤེལ་འཛུགས་སྐྲུན་གྱི་གན་རྒྱར》མིང་རྟགས་བཀོད་ནས་རྒྱལ་ལམ་318རྒྱུད་དུ་རང་འཁོར་གཏོང་བ་དང་སྒར་བརྒྱབ་ནས་སྡོད་ས་འཛུགས་སྐྲུན་མགྱོགས་པོ་བྱས་པ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྨར་ཁམས་རྫོང་ཡུལ་སྐོར་ཅུས་ཀྱིས་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྣམ་གྲངས་དེར་འཆར་འགོད་འཐུས་མཆན་དང་། ས་ཆ་བེད་སྤྱོད། ཁོར་ཡུག་གདེང་འཇོག མེ་ཟོན་བདེ་འཇགས་སོགས་འབྲེལ་ཡོད་འགྲོ་ལུགས་གཉེར་ཡོད་པ་རེད།

    ཡུལ་སྐོར་གྱི་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་ཕུད་སྨར་ཁམས་རྫོང་གིས་ད་དུང་ཡུལ་སྐོར་འཆར་འགོད་དང་ཡུལ་སྐོར་དྲིལ་བསྒྲགས་བྲིན་ཚོང་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་དང་། ཡུལ་སྐོར་གྱི་རྣམ་གྲངས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་ཡུལ་སྐོར་གྱི་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱས་ནས་2014ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་18ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་2070བྱུང་ཡོད་པ་རེད།

    ལྟ་སྐོར་འཚམས་འདྲི་ཚོགས་པས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཚྭ་ཞིང་གི་ངོ་མཚར་ཆེ་བའི་མཛེས་ལྗོངས་ལ་ལྟ་སྐོར་བྱས་པས་བོད་ཤར་གྱི་ཐུག་པ་ཡང་བླུགས་བྲོ་བ་མྱོང་རྒྱུ་བྱུང་བ་དང་། ཆུ་ཚན་ཁའི་དྲོད་ཚད་སྙོམས་པའི་ཆུ་ཚན་ལ་མྱོང་ཚོར་ཐུབ་རྗེས་སྨར་ཁམས་ནས་ཁ་བྲལ་བའི་ལམ་བར་དུ་གསར་འགོད་པས་རྒྱལ་ལམ་དེའི་དབང་གིས“ཡིད་དུ་འོང་བའི་སྨར་ཁམས”དེ་ཐག་རིང་པོ་ཞིག་གཏན་ནས་མ་རེད་ཅེས་བསམ་བྱུང་།

    142496_yis_1422854248980.jpg

    འདི་ནི་ཟ་ཁང་གི་སྣེ་ལེན་པས་ཡུལ་སྐོར་བར་ཞབས་ཞུ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།