དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས“དགུན་དུས་ཡུལ་སྐོར”གྱི་ཁྱད་ལྡན་ལམ་ཐིག་9བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-01-31

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ།ད་ལྟའི་དུས་ནི་དགུན་དུས་སུ་བོད་ལ་ཡུལ་སྐོར་བྱེད་པའི་དུས་ཚིགས་ཡག་ཤོས་ཤིག་ཡིན་པར་བརྟེན་བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར“དགུན་དུས་བོད་ལ་ཡུལ་སྐོར་བྱས་ནས་ཉི་འོད་ལོངས་སུ་སྤྱོད”ཅེས་བརྗོད་བྱ་གཙོ་བོར་བྱེད་པའི་ཁྱད་ལྡན་ལམ་ཐིག་9བཏོན་པ་རེད།

    ཡུལ་སྐོར་གྱི་ཁྱད་ལྡན་ལམ་ཐིག་9པོ་དེ་དག་ནི་ལྷ་སའི་སེམས་ཁམས་ཡུལ་སྐོར་དང་།ཇོ་རི་མཇལ་བའི་ཡུལ་སྐོར།སྤུར་རྒྱལ་དུས་ཀྱི་རྒྱལ་ས་རྙིང་པའི་ཡུལ་སྐོར།ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་རོལ་བའི་ཡུལ་སྐོར།ནག་ཆུའི་རྩྭ་ཐང་ཡུལ་སྐོར།མངའ་རིས་རྨི་འཕྲུལ་ཡུལ་སྐོར།བོད་ཀྱི་ལོ་གསར་ཡུལ་སྐོར་སོགས་ཡིན་པ་རེད།

    ལྗོངས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་སྒྲོལ་མས་དགུན་དུས་ནི་བོད་དུ་ཡུལ་སྐོར་བྱེད་མཁན་ཉུང་བའི་སྒང་ཡིན་པར་བརྟེན་པོ་ཏ་ལར་ཡུལ་སྐོར་བ་དང་ལྟ་སྐོར་དུས་ཚོད་ཚོད་འཛིན་མི་བྱེད་པ་དང་།མེ་འཁོར་གྱི་སྤ་སེ་དཀོན་པོ་མེད་པ།གནམ་གྲུའི་སྤ་སེར་ཕབ་ཆ་ཡོད་པ་བཅས་མ་ཟད་རླངས་འཁོར་དང་།ཨར་ཁང་།མཛེས་ལྗོངས་ཁུལ་བཅས་ལ་བབ་བསྟུན་གྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་ཅེས་བཤད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།དགུན་དུས་སུ་ཡུལ་སྐོར་བ་འགུག་ཐབས་བྱ་ཆེད་ད་ལོའི་ཟླ་11ཚེས་1ནས་སང་ལོའི་ཟླ་3ཚེས་31ཉིན་བར་བོད་ཀྱིས་མུ་མཐུད“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ་མཛེས་ལྗོངས་ཁུལ་མང་ཆེ་བས་ཡུལ་སྐོར་བ་ཉུང་བའི་སྤ་སེའི་གོང་ཚད་ལྟར་སྤ་སེ་འཚོང་གི་ཡོད་པ་དང་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་50%དང་མགྲོན་ཁང་གི་རིན་གོང་40%ནས་60%བར་བཅག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།