

སྟོན་ཁ་མཇུག་འགྲིལ་བ་དང་དགུན་ཁ་ཤར་བའི་མཚམས་སུ།ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རྭ་དེ་བཞུད་ཁའི་ཉི་མའི་ཁྲོད་དུ་དགུན་དུས་ཀྱི་མཛའ་གླུ་དགྱེར་བཞིནམཆིས།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་དང་།རྒྱ་ཁྱོན་ཆེ་ཤོས་ཀྱི་འདམ་རྭ་འདི་ནི་གྲོང་ཁྱེར་ནང་གི་རང་བྱུང་འདམ་རྭ་ཞིག་ཡིན་ལ།ཀྲུང་གོའི་གྲོང་ཁྱེར་གྱི་སྐམ་སའི་དབུས་ཁུལ་གྱི་རང་བྱུང་འདམ་རྭ་གཅིག་པུ་དེའང་ཡིན།