རྒྱལ་ཕྱིའི་རྒྱལ་ནང་གི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་ཕྱིར།བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ཆེད་མངགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་7བཏོད་པ་རེད།
ངོ་སྤྲོད་ལྟར་ན།ཁྱད་ལྡན་ཡུལ་སྐོར་ལམ་ཐིག་དེ་དག་ནི།
༡.གནས་མཆོག་ལྷ་ས།བདེ་སྐྱིད་ཉམས་སུ་མྱོང་བ།ལྷ་ས་ནི་སྐད་གྲགས་ཆེ་བའི་ཉི་འོད་གྲོང་ཁྱེར་ཡིན་པ་དང་།དུས་མཚུངས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་ཡིན་ཏེ།ལོ་5བསྟུད་མར་བདེ་སྐྱིད་ཚོར་སྣང་ཟབ་པའི་གྲོང་ཁྱེར་དུ་འདེམས་ཐོན་བྱུང་བ་རེད།ཡུལ་སྐོར་བས་ས་གནས་དེ་གར་ཉི་མ་སྲོ་བ་དང་།མ་་བསྐོར་བ།བསངས་གསོལ།ཇ་བསྲུབས་མ་འཐུང་བ་སོགས་བྱེད་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོལ་ཆོག
ལམ་ཐིགཕོ་བྲང་པོ་ཏ་ལ།ནོར་བུ་གླིང་ཁ།གཙུག་ལག་ཁང་།བར་སྐོར།སེ་ར་དགོན།(ཆོས་ར)
༢.ངོ་མཚར་ཆེ་བའི་ཇོ་རི།ཉམས་འགྱུར་ལྡན་པའི་གཞིས་རྩེ།གཞིས་རྩེའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཞིང་སྤུས་ཚད་མཐོ་པོ་ཡོད་དེ།དེའི་ནང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས།བཀྲ་ཤིས་ལྷུན་པོ།འཛམ་གླིང་གི་རི་མཐོ་དང་པོ་ཇོ་མ་གླང་མ།གནའ་གྲོང་རྒྱལ་རྩེ།ཁ་རོ་ལ་འཁྱགས་རོམ་སོགས་ཡོད།
ལམ་ཐིགལྷ་ས།གཞིས་རྩེ།(བཀྲ་ཤིས་ལྷུན་པོ་དགོན་པ་ལྟ་སྐོར་བྱེད་པ)ས་སྐྱ།(ས་སྐྱ་དགོན་ལྟ་སྐོར་བྱེད་པ)ཁང་དམར།(དབྱིན་འགོག་གནའ་ཤུལ་ལྟ་སྐོར)རྒྱལ་རྩེ།(དབྱིན་འགོག་རྫོང་རི།དཔལ་འཁོར་ཆོས་སྡེ།ཕ་ལྷ་གཞིས་ཀ)ཁ་རོ་ལ་འཁྱགས་རོམ།ཡར་འབྲོག་གཡུ་མཚོ།ལྷ་ས།
༣.ཚངས་དབྱངས་རྒྱ་མཚོའི་མགུར་གླུ་གྱེར་ནས་ཡར་ཀླུང་མཛེས་ལྗོངས་འཚོལ་བ།ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ལྷོ་ཁ་མོན་ཡུལ་དང་།ལེགས་པོ་བསྐྱོད་པ་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཡོངས་མགོ་ཡིན།ལེགས་པོ་ནི་ལྷ་ས་བར་སྤྱི་ལེ་380ཡོད་ཅིང་།རྒྱ་མཚོའི་ངོས་ལས་སྨི་2900གཡས་གཡོན་ཡོད་པ་དང་།གནམ་གཤིས་ཚ་གྲང་སྙོམས་པ།གདོད་མའི་ནགས་ཚལ་སྟུག་པ།གསོ་རླུང་འཛོམས་པ་ནི་ལྷ་ས་དང་ཉེ་ཤོས་ཀྱི་རང་བྱུང་གསོ་ཁང་ཡིན།
ལམ་ཐིགམཚོ་སྣ་རྫོང་གྲོང་(ལེགས་པོ)ཡུམ་བུ་བརླ་མཁར།ཁྲ་འབྲུག་དགོན།འཕྱོངས་རྒྱས།བསམ་ཡས་དགོན།བསམ་ཡས་གྲུ་ཁ།སྐྱིད་ཆུ།ནོར་བུ་གླིང་ཁ།ཕོ་བྲང་པོ་ཏ་ལ།རྫོང་བརྒྱབ་ཀླུ་ཁང་།མ་སྐྱེས་ཨ་མ།
༤.མཛེས་པའི་ཉིང་ཁྲི།རང་གིས་རླངས་འཁོར་གཏོང་ནས་མེ་ཏོག་བསྐྱོད་པ།མེ་ཏོག་ཅེས་བོད་སྐད་དུ་མེ་ཏོག་པད་མའི་གནས་མཆོག་ཅེས་བརྗོད་ཀྱི་ཡོད།ཉིང་ཁྲིའི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་2950ཡོད་པ་དང་།དེ་ནི་ལ་དུག་ཕོག་ཆུང་བའི་ས་མཚམས་ཡིན་ལ།བོད་བསྐྱོད་ཡུལ་སྐོར་བའི་འཕྲོད་ཤུགས་རང་བཞིན་ལྡན་པའི་ས་སྟེགས་ཡིན།
ལམ་ཐིགསྨན་གླིང་གནམ་ཐང་།བརྒྱད་གཅིག་གྲོང་རྡལ།ཀླུ་ནང་།དགའ་ལུང་ལའི་ཕུག་ལམ་བརྒྱུད་པ།མེ་ཏོག
༥.ཚྭ་ཞིང་ཆུ་ཚན།བརྩེ་དུང་ཕྱུག་པའི་ཁམས་པ།ཕུན་སུམ་སུམ་ཚོགས་པའི་ཁམས་པའི་རིག་གནས་དང་།ཤམ་བྷ་ལའི་ལྟེ་གནས།ད་བར་སྲུང་འཛིན་བྱས་པའི་ཇ་རྟ་གནའ་ལམ་གྱི་ཤུལ་ཞག
ལམ་ཐིག སྨར་ཁམས་རྫོང་གྲོང་།ཧུང་ལྷ་རི་བོ།རྫ་ཆུའི་གྲོག་རོང་ཆེན་པོ།ཆུ་ཚན་ཁ།ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཚྭ་ཞིང་།གནམ་བདག་ཆོས་ཁང་།འབྲུམ་མཚོ།སྤང་མདའ་ཚང་།སྨར་ཁམས་རྫོང་གྲོང་།
༦.ཐང་རྒྱ་ཆེ་བའི་ནག་ཆུ།པར་རྒྱག་བའི་ལྷ་ཡུལ།ནག་ཆུ་ཞེས་མིང་གཞན་དུ་བྱང་ཐང་ཡང་བརྗོད་ཀྱི་ཡོད།དེ་ནི་བོད་ཀྱི་མིང་གྲགས་ཆེ་བའི་ས་མཐོའི་རྩྭ་ཐང་ཡིནཏེ།ཐང་རྒྱ་ཆེ་བ་དང་།རང་ཉིད་གང་འདོད་ལྟར་ཁ་ལོ་གཏོང་ནས་བྱེས་བགྲོད་ཀྱི་སྐྱིད་སྣང་མྱོང་ཐུབ།
ལམ་ཐིགལྷ་ས།འདམ་གཞུང་།ཀོ་ལུགནག་ཆུ།དཔལ་མགོན།མཚེའུ་གཉིས།ཉི་མ།ཤན་རྩ།རྣམ་གླིང་།སྙེ་མོ།ལྷ་ས།
༧.མཁའ་དབྱིངས་ཀྱི་བོད་ལྗོངས།རྨི་ལམ་ནང་གི་མངའ་རིས།གངས་རིན་པོ་ཆེ་གནས་མཇལ་བ་དང་།མ་ཕམ་གཡུ་མཚོ་སྐོར་བ།ངོ་མཚར་ཆེ་བའི་གུར་གེ་འཚོལ་ཞིབ་བཅས་དང་ཆབ་ཅིག་བྱེས་བགྲོད་ཀྱི་སྐྱོད་སྣང་དང་ལྷན་དུ་མྱོང་ན་དེ་བས་འཛོམས་པ་རྣམ་གསུམ་ཡིན།
ལམ་ཐིགསེང་གེ་ཁ་འབབ་གྲོང་རྡལ།གུར་གེའི་གནའ་ཤུལ།འཁོར་ཆགས་དགོན།གནས་རི་གངས་རིན་པོ་ཆེ།གནས་མཚོ་མ་ཕམ་གཡུ་མཚོ།ལ་་མ།མ་་ངང་་ང་།