ཉེ་སྔོན།མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་བྱང་ཁུལ་ཡུལ་སྐོར་ཅུས།མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཅུས།ཧེ་ཡན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་འགོ་ཚུགས་མཛད་སྒོ་དང་།2014ལོའི་གསེར་དངུལ་ཐང་ཆུ་ཐོག་རྩེད་ར་གངས་དར་དུས་ཆེན་གསེར་དངུལ་ཐང་ཆུ་ཐོག་རྩེད་ར་ནས་གཟབ་རྒྱས་ངང་འཚོགས།
ཉེ་བའི་ལོ་འགའི་རིང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་སྐོར་ཐོན་ལས་དེ་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོར་བརྩིས་ནས་སྐྱེད་སྲིང་བྱས་པས།ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཐད་ནས་རྒྱུན་མཐུད་དང་མགྱོགས་མྱུར་གྱི་རྣམ་པ་བཟང་བོ་མངོན།རྒྱུས་ལོན་བྱུང་བ་ལྟར་ན།གསེར་དངུལ་ཐང་ཆུ་ཐོག་རྩེད་ར་ལས་གཞི་དེ་མཚོ་བྱང་ཁུལ་ཧེ་ཡན་རྫོང་ཁོངས་སུ་ཡོད་པ་དང་།ལོ་གསུམ་རིང་ལ་འཛུགས་སྐྲུན་བྱས་པ་དང་མ་དངུལ་སྒོར་བྱེ་བ་གསུམ་ལྷག་བཏང་ནས།ཆུ་ཐོག་དང་དར་ཐོགགངས་ཐོག་གི་ལུས་རྩལ་ལས་གཞི་ཁུལ་ལེགས་འགྲུབ་བྱུང་བ་དང་།དེ་ནི་རྩེད་འཇོ་དང་བཟའ་བཏུང་།ཉོ་ཚོང་སོགས་གཞི་གཅིག་ཅན་གྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་ཞིག་རེད།ད་ལོར་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་གངས་ཤུད་རྒྱག་ས་དེས་མཚོ་བྱང་ཁུལ་གྱི་གངས་དར་ལུས་རྩལ་ལས་གཞིའི་སྟོང་ཆ་བསྐངས་པ་མ་ཟད།ཧེ་ཡན་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་མིང་རྟགས་གསར་བ་ཞིག་ཏུ་ཡང་གྱུར་ཡོད།
ཐེངས་འདིའི་གངས་དར་དུས་ཆེན་སྐབས་སུ་གངས་དར་རྩེད་འཇོ་གཙོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་།བྱེད་སྒོའི་སྐབས་སུ།ཡུལ་སྐོར་སྡེ་ཁག་གིས་ད་དུང་ཞིང་ཆེན་ཕྱི་ནང་གི་ཕྱི་རོལ་ལུས་རྩལ་མཉམ་འབྲེལ་གྱི་ཁོངས་མི་བཞི་བརྒྱ་ལྷག་རྩ་འཛུགས་བྱས་ནས།དར་ཐོག་གི་རྨིས་བརྒྱའི་མྱུར་ཚད་འགྲན་སྡུར་དང་དར་ཐོག་གི་ལྒང་ལི་སོགས་ཀྱི་ལས་གཞི་སྤེལ་རྒྱུ་རེད།