དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དགུན་ཁ་རྨ་ཆུ་མྱུར་བརྒལ་གྱི་ཡ་ཡུག་འགྲན་སློང་གི་རྒྱལ་སྤྱིའི་ཕུལ་བྱུང་འགྲན་བསྡུར་དེ་མཚོ་སྔོན་ཁྲི་ཀ་རྫོང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-01-31

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ལུས་རྩལ་ཆེད་གཏོང་གློག་འཕྲིན་འབྱོར་གསལ།ཟླ་1ཚེས་9ནས་ཚེས་11ཉིན་བར་སྐབས་ལྔ་པའི་ཀྲུང་གོ·མཚོ་སྔོན་གྱི་དགུན་ཁ་རྨ་ཆུ་མྱུར་བརྒལ་གྱི་ཡ་ཡུག་འགྲན་སློང་གི་རྒྱལ་སྤྱིའི་ཕུལ་བྱུང་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་འགོ་ཚུགས་པར་རྒྱལ་ཁབ་དགུ་ནས་ཡོང་བའི་དགུན་རྐྱལ་ལ་དགའ་པོ་བྱེད་མཁན་ཚོས་འགྲན་བསྡུར་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་འགྲན་བསྡུར་ཆེན་པོའི་ཐོག་འཁྱགས་གླིང་དང་།ཧྥ་རན་སེ།སུའེ་ཏེན།དབྱི་ཐ་ལི།འཇར་མན།ཨོ་སི་ཁྲུ་ལི་ཡ།པེ་ཨུ་རུ་སུ།ཨུ་རུ་སུ།ཀྲུང་གོ་བཅས་ཀྱི་དགུན་རྐྱལ་བྱེད་མཁས་པོ་58ཞུགས་ཡོད་ཅིང་།ས་བབ་མཐོ་བ་དང་།ཆུ་འབབ་དྲག་པ།བར་ཐག་རིང་བ་སོགས་ཀྱིས་རྐྱེན་པས་འགྲན་དོན་རྣམ་གྲངས་དེ་རྒྱལ་ནང་ཡོངས་བསྒྲགས་ཆུ་ཁོངས་ཀྱི་དགུན་རྐྱལ་འགྲན་བསྡུར་ཁྲོད་ཀྱི་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད་པ་རེད།

    ཀྲུང་གོ·མཚོ་སྔོན་གྱི་དགུན་ཁ་རྨ་ཆུ་མྱུར་བརྒལ་གྱི་ཡ་ཡུག་འགྲན་སློང་གི་རྒྱལ་སྤྱིའི་ཕུལ་བྱུང་འགྲན་བསྡུར་དེ་ད་བར་དུ་སྐབས་བཞི་གཉེར་ཚར་ཞིང་།དེ་དང་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དང་འཛམ་གླིང་བུམ་པའི་བྲག་འཛེགས་འགྲན་བསྡུར་བཅས་གསུམ་ལ་མཚོ་སྔོན་གྱི་ལུས་རྩལ་འགྲན་དོན་ཆེན་པོ་གསུམ་ཞེས་ཟེར་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།