དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2014ལོར་ཡུན་ནན་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་1440ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་129བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-01-31

    2008122113030777.jpg

    སེམས་ཀྱི་ཉི་ཟླ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།2014ལོར་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་1440.89ལ་སྣེ་ལེན་ཞུས་པའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1338.96ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་129.6བཏོད་ཡོད་པ་རེད།

    2014ལོར་བདེ་ཆེན་ཀྲོའུ་ཡིས“འདུ་འགྲེམས་ལྟེ་གནས་གཅིག་དང་།རྒྱལ་ཁབ་སྤྱི་གླིང་ཆེ་གྲས་ལྔ།སྤུས་རྟགས་ཡུལ་སྐོར་ལམ་ཐིག་གཅིག”བཅས་ཀྱི་ཁྱབ་ཚུལ་ལྟར་བདེ་ཆེན་འདི་ཉིད་སྣོད་བཅུད་ལེགས་ཤོས་དང་།ཁོར་ཡུག་ལེགས་ཤོས།ཞི་མཐུན་འཕེལ་རྒྱས།ཡུན་གནས་སྤུས་རྟགས་བཅས་ཀྱི་འཛམ་གླིང་རིམ་པའི་སྤུས་རྟགས་ཀྱི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་གནས་མཆོག་ཧུར་ཐག་བཏོད་ཡོད་པ་རེད།སྤུས་རྟགས་ཀྱི་སྣོད་བཅུད་ཡུལ་སྐོར་གནས་མཆོག་བཏོད་པ་དང་དུས་མཚུངས་བདེ་ཆེན་གྱིས་ཡུལ་སྐོར་དྲིལ་བསྒྲགས་རྒྱུན་ཆད་མེད་པར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་བཏང་བ་རེད།

    ཡུལ་སྐོར་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་ལས་རིགས་ཀྱི་དམིགས་ཚད་ཅན་གྱི་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཐོག་ཡུལ་སྐོར་ལས་གཉེར་བའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་རེད།ཀྲོའུ་ཡོངས་ཀྱི་ཁྱབ་ཁོངས་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》དང《ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་སྲོལ་ཡིག》དང་དེ་བཞིན་སྔ་རྗེས་སུ་ཡུལ་སྐོར་ལས་གཉེར་མི་སྣའི་ལས་རིགས་ཀུན་སྤྱོད་བཅས་ཀྱི་གསོ་སྦྱོང་ཐེངས་བཞི་བྱས་པ་དང་དུས་མཚུངས་བདེ་ཆེན་ཀྲོའུ་ཡི་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་སྐོར་ལས་དོན་ཁང་དང་།མགྲོན་ཁང་དང་གསོལ་མགྲོན་ཁང་།ཉོ་སྒྲུབ་ཚོང་ཁང་།ཡུལ་ལྗོངས་ཁུལ།ཡུལ་སྐོར་སྣེ་ཤན་པ་བཅས་དང་དེ་བཞིན་བོད་རིགས་ཁྱིམ་ཚང་ལ་འདྲི་རྟོགས་བྱེད་པ་སོགས་སྔ་རྗེས་སུ་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་བ་བཞུགས་མོལ་བྱས་ཐོག་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་ཐད་ལྷག་པའི་གནད་དོན་ལ་གྲོས་བསྡུར་བྱས་ནས་ཡུལ་སྐོར་ཁེ་ལས་ཀྱི་གཉེར་སྐྱོང་བྱ་སྤྱོད་ཁག་སྔར་བས་ཚད་ལྡན་ཡོང་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།