དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱིས་ཡུལ་སྐོར་བ་གངས་ལྗོངས་ཀྱི“ཁམ་བུའི་མེ་ཏོག་དུས་ཚིགས”ལ་རོལ་བར་ཡོང་རྒྱུའི་གདན་དྲངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-01-30

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་པ་གཞིར་བཟུང་།ཚེས་13ཉིན་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ནས་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་བཅུ་གསུམ་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་འདི་ལོའི་ཟླ་3ཚེས་30ཉིན་ནས་ཟླ་4ཚེས་20ཉིན་བར་ཉིང་ཁྲི་ས་ཁུལ་དུ་འགོ་ཚུགས་རྒྱུ་ཡིན་པ་དང་སྐབས་དེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་དེ་གར་ཕེབས་ནས་གངས་ལྗོངས་ས་མཐོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ལྟ་ན་སྡུག་པའི་མཛེས་ལྗོངས་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ཉིང་ཁྲིར་ཁམ་བུའི་མེ་ཏོག་ལོངས་སྤྱོད་བྱེད་པར་ཡུལ་སྐོར་བར་ལམ་ཐིག་གཉིས་གདམ་ག་བྱ་རྒྱུ་ཡོད་པ་གཅིག་ནི་རྒྱལ་ལམ་318བརྒྱུད་མཐོང་སྨད་ནས་སྤོ་མེས་རྫོང་གི་ཁམ་བུའི་མེ་ཏོག་ལུང་ཤུར་དུ་སྐྱོད་རྒྱུ་ཡོད་པ་དང་ཉིང་ཁྲི་རྫོང་དུ་འབྱོར་རྗེས་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ་ནས་ཀོང་པོ་རྒྱ་མདའ་རྫོང་གི་ཕྲེད་ལུང་གྲོང་ཚོར་བསྐྱོད་ནས་ཁམ་བུའི་མེ་ཏོག་ལོངས་སྤྱོད་ཐུབ་རྒྱུ་ཡོད་པ་དང་།ལམ་བུ་གཞན་ཞིག་ནི་ཞིང་ཆེན་ལམ་306བརྒྱུད་སྨན་གླིང་རྫོང་གི་ཟུར་གསུམ་གྲོང་ཚོ་དང་།སྨན་གླིང་གནམ་ཐང་།གྲོག་རོང་ཆེ་མོ་བཅས་ནས་སྣང་རྫོང་གི་གདོང་དཀར་གྲོང་ཚོར་བསྐྱོད་ནས་ཁམ་བུའི་མེ་ཏོག་ལོངས་སྤྱོད་ཐུབ་རྒྱུ་ཡོད་པ་རེད།

    ཁམ་བུའི་མེ་ཏོག་དུས་ཆེན་རིང་གཙོ་གཉེར་ཕྱོགས་ཀྱིས་ཀོང་པོའི་གཉེན་སྒྲིག་མཛད་སྒོ་དེ་ཡུལ་སྐོར་བའི་སྤྱན་ལམ་དུ་འབུལ་རྒྱུ་དང་།བོན་རིའི་གནས་རིའི་མཛེས་ལྗོངས་ཁུལ་དུ་ཆུ་ཐོག་ཁམ་བུའི་མེ་ཏོག་འདུ་ཚོགས་འཚོག་གི་ཡོད་པས་ཡུལ་སྐོར་བས་གྲུར་བསྡད་ནས་ཉང་ཆུའི་ངོགས་གཉིས་ཀྱི་ཁམ་བུའི་མེ་ཏོག་ལོངས་སྤྱོད་ཐུབ་རྒྱུ་དང་།ཁམ་བུའི་མེ་ཏོག་པར་རྒྱག་འགྲེམས་སྟོན་དང་ཁམ་བུའི་མེ་ཏོག་སྐོར་གྱི་དཔོད་ཆུང་དང་།འཕྲིན་ཆུང་།བརྙན་ལམ་ཐུང་གྲས་བཅས་ཀྱི་འགྲན་བསྡུར་བཅས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།