ལྷོ་ཁ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

འདི་ནི་རྐང་ཐང་མར་སྐྱོད་མཁན་གྱིས་ལམ་བར་གྱི་གཱ་ཐོ་འགོད་སར་དྲན་རྟེན་པར་རྒྱག་བཞིན་པ།
ལས་བྱེད་ལས་བཟོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་སྤུས་འབྲས་ལེགས་གཉེར་ཡོང་བ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་ཆོས་རྒྱལ་ན་ཁར་ལས་བཟོའི“རོགས་རེས་འགན་སྲུང་བུམ་པ”ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་རྐང་ཐང་མྱུལ་དཔྱད་དང་བཟོ་ཚོགས་ཀྱི“གཤམ་སྤེལ་ལྔའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བར་གྲོང་ཁྱེར་དེའི་ལས་རིགས་ཁག་གི་འཐུས་མི་420ལྷག་ཙམ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོས་སྣེ་གདོང་ཆུས་ཀྱི་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་སྐྱེ་ཁམས་ཐོན་ཁུངས་སྤུས་ལེགས་དང་འཐུས་སྒོ་ཚང་བའི་སྐོར་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་སྐྱེ་ཁམས་དང་། རིག་གནས། ཞིང་སྐྱོར་བཅས་ཀྱི་བརྗོད་དོན་གཙོ་བོའི་གཱ་ཐོ་འགོད་ས་བཀོད་སྒྲིག་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་དངོས་ཟོག་ཁ་གསབ་དང་སྨན་བཅོས་བདེ་སྲུང་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་བདེ་འཇགས་འགན་ལེན་གྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་རེད། བྱེད་སྒོར་སྐྱེ་ཁམས་སྲུང་སྐྱོང་དྲིལ་བསྒྲགས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་འགྲེམས་སྟོན། དམངས་ཕན་སྲིད་ཇུས་ཁྱབ་གདལ། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། མང་ཚོགས་ཀྱི་རིག་གནས་ལུས་རྩལ་ཞབས་ཞུ་བཅས་མཉམ་འདྲེས་གཏིང་ཟབ་བྱས་པས། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། དམངས་འཚོར་ཕན་འདོགས་པ། སེམས་ནུས་གཅིག་སྒྲིལ་བཅས་ཕྱོགས་མང་པོར་ཕན་འབྲས་ཐོན་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་སྣེ་གདོང་ཆུས་ཀྱིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱས་ནས་རིག་གནས་ཡུལ་སྐོར་གྱིས་དམངས་ལ་ཕན་པ་འདོགས་པ་དང་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། གོམ་སྟབས་རྗེས་མར། སྣེ་གདོང་ཆུས་ཀྱིས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་རིག་གནས་ཡུལ་སྐོར་གྱི་སྐྱེ་ཁམས་ཐོན་ཁུངས་རྒྱུན་མཐུད་གང་འགབ་ཅི་སྤྱོད་བྱེད་པ་དང་། མང་ཚོགས་ཀྱི་ཁྱད་ལྡན་རིག་གནས་ལུས་རྩལ་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དམངས་འཚོའི་ལེགས་ཆར་རྒྱུན་མཐུད་འགྱུར་བ་བཅས་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་རྒྱུན་མཐུད་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།