བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་ལྗང་མདོག་བཟོ་ལས་ཀྱི་ཚོང་འགུགས་མ་འདྲེན་འབྲེལ་མཐུད་ཚོགས་འདུ་ཤིས་ཨན་དུ་འཚོགས་པ།
ཉེ་ཆར། བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་ལྗང་མདོག་བཟོ་ལས་ཀྱི་ཚོང་འགུགས་མ་འདྲེན་འབྲེལ་མཐུད་ཚོགས་འདུ་ཧྲའན་ཤིས་ཀྱི་ཤིས་ཨན་དུ་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁེ་ལས་མཁས་ཅན་དང་ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་60ལྷག་ཙམ་གདན་ཞུ་བྱས་པ་དང་ཁྱོན་མི་100ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་མཐུད་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཁུལ། ཀྲུང་གོ་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བས་བོད་ཀྱི་ཞིང་འབྲོག་ལས་དང་ལྗང་མདོག་བཟོ་ལས་ཀྱི་སྤུས་ལེགས་མ་འཇོག་གི་གོ་སྐབས་འོས་སྦྱོར་གཅིག་སྡུད་བྱས་པ་དང་། ཐོན་ལས་ཀྱི་ལྷན་སྦྱར་རོགས་སྐྱོར་སྲིད་ཇུས་གསལ་འགྲེལ་བྱས་པ། རྣམ་གྲངས་དོན་འཁྱོལ་གྱི་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། དངུལ་རྩས་ཁེ་ལས་ལ་རོགས་སྐྱོར་བྱེད་ཐབས་ངོ་སྤྲོད་ཀྱང་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ལྗང་མདོག་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་དམིགས་ཏེ། ཐོན་ལས་རོགས་སྐྱོར་གྱི་སྲིད་ཇུས་རྒྱུན་མཐུད་ལེགས་སུ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཁྱད་ལྡན་དང་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་འདོན་སྤེལ་བྱས་ཡོད། 2025ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་96.8ཟིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.3ཟིན་ཞིང་། ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཡོང་འབབ་འཕར་བའི་དམིགས་ཚད་ཁག་བརྟན་པོ་འཕར་ཡོད།
རང་ལྗོངས་ཀྱིས་ཞིང་འབྲོག་ཐོན་རྫས་ཐད“མ་བཅོས་རྒྱུ་ཆ་ཐོན་རྫས་སུ་འགྱུར་བ་དང་། ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ། ཚོང་ཟོག་སྤུས་རྟགས་སུ་འགྱུར་བ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་གཏོང་སྟངས་ལ་སྐུལ་འདེད་བཏང་བར་ཚོགས་ཞུགས་ཁེ་ལས་ཀྱི་ཁས་ལེན་ཆེན་པོ་ཐོབ་ཡོད། བོད་ལྗོངས་ས་མཐོའི་ཁྱད་ལྡན་ཀ་རྟེན་ཐོན་ལས་ཡིན་པའི་འབྲི་གཡག་ཐོན་ལས་འཁོར་འབྲེལ་སྣུར་སྲིང་གི་བར་མཐོངས་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཁར། མ་འཇོག་གི་གོ་སྐབས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ཚོགས་འདུའི་ཐོག་བོད་ལྗོངས་འབྲི་གཡག་ཐོན་ལས་མཐུན་ཚོགས་ཀྱི་ལས་འཛིན་ཀྲའོ་ཡིའུ་ཡུས་ཀྱིས་རང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་སྤྱི་ཡོངས་ཀྱི་འཕེལ་རྒྱས་བཀོད་པ་དང་། ཆད་སྐྱོན་དང་ཞན་ཆའི་འགག་སྒྲོལ་བྱེད་ཐབས། དེ་བཞིན་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་སྐྱེད་སྲིང་དང་འཛུགས་སྐྱོང་བྱས་ཚུལ་བཅས་ངོ་སྤྲོད་བྱས་པ་དང་འབྲེལ་མཐུན་ཚོགས་ཀྱི་ལོ་གསུམ་གྱི་འཕེལ་རྒྱས་འཆར་འགོད་དང་ལོ་ལྔའི་འཕེལ་རྒྱས་ཀྱི་མདུན་ལམ་གསལ་འགྲེལ་ཡང་བྱས་པ་རེད།
ད་ལོ་ནས་བཟུང་། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས“ལོ་འཁོར་ལ་འཆར་འགོད་ཡོད་པ་དང་། ས་ཁོངས་ལ་གཙོ་གནད་ཡོད་པ། ཐོན་ལས་ལ་དམིགས་འབེན་ཡོད་པ། བྱེད་སྒོར་ཕན་འབྲས་ཡོད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་ལོ་ཧྲིལ་པོའི་འོས་སྦྱོར་དང་ཡན་ལག་རུ་ཆུང་གིས་གནད་སྨིན་ཚོང་འགུགས་བྱེད་སྒོ་སྤྱི་འདོམས་བྱས་ནས“བོད་ལ་མ་འཇོག”གི་མིང་བྱང་ཡག་པོ་རྒྱུན་མཐུད་བཏོད་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། སྤྱི་ཚོགས་མ་རྩའི་མ་འཇོག་དང་འཚམ་པའི་ཐོན་ལས་ཀྱི་ཚོང་འགུགས་རྣམ་གྲངས་148ཕྱི་ཕྱོགས་སུ་འགྲེམས་བསྒྲགས་བྱས་པ་དང་འདོད་མཐུན་མ་འཇོག་སྒོར་དུང་ཕྱུར་155.46ཟིན་ཡོད། བར་ཁྱད་ཅན་དང་གནད་སྨིན་ཅན་གྱི་ཚོང་འགུགས་བྱས་པ་བརྒྱུད་རང་ལྗོངས་ཀྱི་རྣམ་གྲངས་ཐོན་ལས་ཆ་འགྲིག་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། ཚོང་འགུགས་མ་འདྲེན་བྱེད་སྒོའི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་ནས་བོད་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ནུས་ཆེན་པོ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།