དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • གཏིང་སྐྱེས་རྫོང་སྤེ་དམར་གྲོང་ཚོར་ཞོག་ཁོག་ལ་ལོ་ལེགས་བྱུང་ནས་དམངས་ཀྱི་ཡོང་འབབ་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཟླ་10ཚེས་9ཉིན། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་བཀྲ་ཤིས་སྒང་ཤང་སྤེ་དམར་གྲོང་ཚོའི་2026ལོའི“སྤེ་དམར་ཞོག་ཁོག”འགྲན་བསྡུར་ཆེ་མོ་མཇུག་འགྲིལ་ཞིང་། ལྗིད་ཚད་ལ་རྒྱ་མ་3.2ཟིན་པའི་ཞོག་ཁོག་ཆེན་པོ་ཞིག་ལ“ཞོག་ཁོག་རྒྱལ་པོའི”མཚན་སྙན་ཐོབ་ནས་ཞོག་ཁོག་རྡོག་གཅིག་གི་ལྗིད་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    དེ་བས་དགའ་འོས་པ་ཞིག་ནི། 2026ལོར་སྤེ་དམར་གྲོང་ཚོའི་ཞོག་ཁོག་འདེབས་འཛུགས་ཞིང་ཁ་མུའུ་44.3ལ་ལོ་ལེགས་བྱུང་ནས་སྤྱིའི་ཐོན་འབབ་རྒྱ་མ་ཁྲི་30ལས་བརྒལ་བ་དང་། ཆ་སྙོམས་མུའུ་རེའི་ཐོན་འབབ་རྒྱ་མ་6772ཟིན་པ། མུའུ་རེའི་ཐོན་འབབ་མང་ཤོས་རྒྱ་མ་7050ལས་བརྒལ་ཡོད། ཞོག་ཁོག་རྡོག་གཅིག་གི་ལྗིད་ཚད་དང་མུའུ་རེའི་ཐོན་འབབ་གཉིས་ཀ་ཟིན་ཐོ་ལས་བརྒལ་ནས“སྤེ་དམར་ཞོག་ཁོག”ལ་ལོ་ལེགས་འབྲས་བཟང་འཕྱུར་ཡོད།

    སྤེ་དམར་གྲོང་ཚོའི་ཐུན་མོང་མ་ཡིན་པའི་ས་གཤིས་ཀྱི་མཚོན་རྟགས་ཤིག་ཡིན་པའི“སྤེ་དམར་ཞོག་ཁོག”སྔ་ས་ནས་ཉེ་འཁོར་གྱི་རྫོང་ཁོངས་སུ་སྐད་གྲགས་ཆོད་ཡོད།

    ཞོག་ཁོག་གི་སྤུས་ཀ་གཞན་དང་མི་འདྲ་བ་ཡོད་པ་དེ་ནི་སྤེ་དམར་གྲོང་ཚོའི་ཐུན་མོང་མ་ཡིན་པའི་ས་ཆུའི་ཆ་རྐྱེན་ལས་བྱུང་བ་ཞིག་ཡིན་པ་སྟེ། ས་བབ་མཐོ་བ་དང་། ཉི་འོད་ཕོག་ཤུགས་ཆེ་བ། ཉིན་མཚན་གྱི་དྲོད་ཁྱད་ཆེ་བ་བཅས་ལས་ཞོག་ཁོག་ལ་མངར་ཆ་དང་ས་བཅུད་གང་ལེགས་བསྡུ་ཐུབ་པ་མ་ཟད། ས་རྒྱུ་གཤིན་པོ་དང་། ལུད་སྲུང་། ཆུ་སིམ་ཚད་ཡག་པ་བཅས་ཀྱི་ཁྱད་ཆོས་ཀྱང་ཡོད་པས་ཞོག་རྡོག་ཆེན་པོ་ཆགས་ཀྱི་ཡོད། མཐའ་འཁོར་གྱི་ཤང་དང་གྲོང་རྡལ་གྱིས་དེ་སྔ་སོན་བཟང་ནང་འདྲེན་བྱས་ནས་ཚོད་འདེབས་ཐེངས་མང་བྱས་ཀྱང་སྤུས་ཀ་དང་ཐོན་འབབ་གཅིག་མཚུངས་ཡོང་གི་མེད་པས་ས་ཁོངས་དེ་རང་དུ་མ་གཏོགས་ཡག་པོ་ཡོང་གི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།