བོད་ལྗོངས་རྒྱལ་རྩེ་རྫོང་དུ།
བོད་ལྗོངས་དང་ཧྲང་ཧའེ་མཉམ་ལས་བྱས་ཏེ་སྣམ་བུ་བཏགས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

འདི་ནི་བོད་ལྗོངས་རྒྱལ་རྩེ་རྫོང་དུ་སྐལ་བཟང་སྒྲོལ་མས(གཡས)ཨ་ཅག་སྐལ་བཟང་གི་ཐགས་ལས་ཁང་དུ་ཡུལ་དེ་གའི་བུད་མེད་ལ་ཐགས་ཁྲི་གསར་པ་སྤྱོད་སྟངས་སློབ་བཞིན་པ།

འདི་ནི་བོད་ལྗོངས་རྒྱལ་རྩེ་རྫོང་གི་ཨ་ཅག་སྐལ་བཟང་གི་ཐགས་ལས་ཁང་ནས་པར་བླངས་པའི་སྣམ་བུའི་ཐོན་རྫས་ཡིན་པ།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕགས་རི་རྒྱབ་ཁྲོམ་གཞུང་རྙིང་པའི་ཨ་ཅག་སྐལ་བཟང་གི་ཐགས་ལས་ཁང་དུ་བསྐྱོད་པ་ན་ཤིང་གི་ཐགས་ཁྲིའི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་བཞིན་ཡོད། ཚོན་མདངས་བཀྲ་བའི་རྒྱུ་དང་སྤུན་གྱི་དཀྱིལ་དུ་འཐག་མཁན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྣམ་བུ་འཐག་བཞིན་ཡོད། སྣམ་བུ་ནི་བོད་རིགས་ཀྱི་སྲོལ་རྒྱུན་བལ་འཐག་ལག་ཤེས་ཐོན་རྫས་ཤིག་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་ལ་བོད་ཆས་སོགས་མི་རིགས་ཀྱི་རྒྱན་གོས་ཀྱི་རྒྱུ་ཆ་གཙོ་བོའང་ཡིན།
2022ལོའི་ལོ་མཇུག་ཏུ་ཧྲང་ཧའེ་བོད་སྐྱོར་རྒྱལ་རྩེ་ཚོགས་ཆུང་གིས་ཧྲང་ཧའེ་ཡི་འཁེལ་འཐག་གྱོན་ཆས་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་སྣམ་འཐག་ལག་རྩལ་མཐོ་རུ་གཏོང་བའི་འབྲེལ་ཡོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས། 2023ལོའི་ཟླ་4པར། སྐལ་བཟང་སྒྲོལ་མ་དང་འཐག་མཁན་མ་13ཧྲང་ཧའེ་རུ་གཅིག་སྡུད་གསོ་སྦྱོང་བྱེད་པར་བསྐྱོད་དེ་ལག་རྩལ་དང་འདུ་ཤེས་གསར་རྐྱང་སློབ་སྦྱོང་བྱས་པ་རེད། གསོ་སྦྱོང་མཇུག་འགྲིལ་ནས་རྒྱལ་རྩེར་ལོག་རྗེས། སྐལ་བཟང་སྒྲོལ་མ་སྔོན་ལ་བཟོ་རྩལ་གསར་བཅོས་ནང་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།