དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྟོན་བསྡུའི་ལས་ལ་བྲེལ། བང་མཛོད་འབྲུ་ཡིས་ཁེངས།

    ཆུ་ཤུར་རྫོང་གིས་སྟོན་བསྡུའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-20

    གང་སར་འབྲས་བཟང་སྨིན་པའི་སྟོན་གྱི་དུས་སུ། ལྷ་ས་སྐྱིད་ཆུའི་ངོགས་ཀྱི་ཞིང་ནང་དུ་ནས་ཀྱི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱས་ཏེ་ས་གཞི་ཡོངས་ནས་གསེར་འོད་ཆེམ་ཆེམ་འཕྲོ། མིག་སྔར། ཆུ་ཤུར་རྫོང་གི་འབྲུ་རིགས་ལོ་ཏོག་མུའུ་ཁྲི་5.8རིམ་བཞིན་སྨིན་ནས་གཅིག་སྡུད་བརྔ་བསྡུ་དང་། ཉི་སྐམ། མཛོད་འཇུག་བཅས་བྱེད་པའི་འགག་རྩའི་དུས་སུ་སླེབས། འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་པོ་ཡོང་བ་དང་སྟོན་འབྲུར་ལོ་ལེགས་ཡོང་བ་འགན་ལེན་བྱ་ཆེད། ཆུ་ཤུར་རྫོང་གིས་ཚན་རིག་དང་མཐུན་པའི་སྤྱི་འདོམས་དང་། གནད་སྨིན་ཇུས་བསྟར། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ། འཐབ་ས་དང་པོར་ཞབས་འདེགས་ཞུ་བ་བཅས་བྱས་ནས་སྟོན་བསྡུའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་བས་རྫོང་ཡོངས་ཀྱི་ཞིང་ནང་དང་མུ་ཁར་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཆུ་ཤུར་རྫོང་གིས་རིམ་རྩིས་བརྒྱབ་ན། ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྷུ་ཚིགས་ཧྲིལ་པོའི་ལས་སྒྲུབ་མུའུ་ཁྲི་2.63དང་སྟོན་བསྡུའི་ལྷུ་ཚིགས་རྐྱང་པའི་ལས་སྒྲུབ་མུའུ་ཁྲི་2དོན་འཁྱོལ་བྱས་ཡོད། གཞི་ཁྱོན་ཅན་དང་། ཆེད་ལས་ཅན། འཕྲུལ་ཆས་ཅན་བཅས་ཀྱི་ཞིང་འཕྲུལ་ལས་སྒྲུབ་བྱེད་སྟངས་ཀྱིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཞན་ཆ་ནུས་ལྡན་ངང་བསལ་བ་མ་ཟད། འབྲུ་རིགས་བརྔ་བསྡུའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་བ་དང་སྟོན་བསྡུའི་དུས་འཁོར་ཐུང་དུ་བཏང་བ་དང་ཆབས་ཅིག་མང་ཚོགས་ཀྱི་སྟོན་བསྡུའི་ངལ་རྩོལ་གྱི་མ་གནས་དམའ་རུ་ཏན་ཏིག་ཀྱང་བཏང་བས། དུས་ཚོད་དང་། ངལ་ནུས། མ་གནས་བཅས་གྲོན་ཆུང་དང་ཐོན་འབབ་མང་དུ་བཏང་ནས་རྫོང་ཡོངས་ཀྱི་སྟོན་བསྡུའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    སོན་བཟང་འདེབས་གསོའི་སོན་ཞིང་ལ་དམིགས་ནས་ཆུ་ཤུར་རྫོང་གིས་རིགས་དབྱེའི་དོ་དམ་སྲུང་སྐྱོང་ཞིབ་ཚགས་བྱས་ཏེ་ཁག་བགོས་བརྔ་བསྡུ་དང་། ཁེར་རྐྱང་ཉི་སྐམ། རིགས་དབྱེ་ཉར་ཚགས་བཅས་ཀྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས། འབྲུ་སྣ་མཉམ་བསྲེས་འབྱུང་རྩ་ནས་གཏན་འགོག་བྱས་ཏེ་སོན་བཟང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། སྟོན་བསྡུའི་རིང་། གནམ་གཤིས་དང་། འགྲིམ་འགྲུལ། གློག་ཤུགས་སོགས་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་བྱས་ནས་གནམ་གཤིས་སྔོན་བརྡ་དང་། ཞིང་འཕྲུལ་གེགས་མེད། ཉི་སྐམ་གློག་སྤྱོད་བཅས་འགན་ལེན་ཡག་པོ་བྱས་ནས་སྟོན་བསྡུའི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་བྱས་པ་རེད།

    མིག་སྔར། ཆུ་ཤུར་རྫོང་གི་སྟོན་བསྡུའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ནས་འབྲུ་རིགས་མུའུ་ཁྲི་3.63བསྡུས་པ་དང་པད་ཁ་མུའུ་156བསྡུས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།