དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • སྙེ་མོའི་བོད་སྒོང་ཧང་ཀྲོའུ་ཡི་ཐོན་རྫས་ལེགས་གྲས་ཀྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་འཚོང་བ།

    ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    ཉེ་ཆར། པེ་ཅིང་གྲོང་ཁྱེར་བོད་སྐྱོར་བཀོད་འདོམས་པུའི་སྤྱི་འདོམས་འབྲེལ་མཐུད་འོག སྙེ་མོ་རྫོང་བོད་སྐྱོར་ཚོགས་པས་པེ་ཅིང་ཧྥེང་ཧྲེང་ཚོང་དོན་ཚད་ཡོད་ཀུང་སི་དང་མཉམ་འགུལ་བྱས་ནས་སྙེ་མོའི་བོད་སྒོང་ཧང་ཀྲོའུ་གྲོང་ཁྱེར་གྱི་ཐོན་རྫས་ལེགས་གྲས་ཀྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སྟེ། ཧང་ཀྲོའུ་ཐོག་བརྩེགས་ཁང་ཆེན་དུ་འཚོང་བར་སྐུལ་འདེད་བཏང་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྟེ་བ་དང་ཐོན་རྫས་ལེགས་གྲས་ཀྱི་འཛད་སྤྱོད་ཁྲོམ་རར་དངོས་སུ་བཏོན་པ་རེད། མིག་སྔར་ཐོན་རྫས་ཁག་གསུམ་བཏང་ཟིན་པ་དང་། ཧང་ཀྲོའུ་དང་ཧྲང་ཧའེ་སོགས་གྲོང་ཁྱེར་རིམ་པ་དང་པོའི་ཐོན་རྫས་ལེགས་གྲས་ཀྱི་ཕྱིར་ཚོང་ཐབས་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ནས་སྙེ་མོའི་སྤུས་ལེགས་ཀྱི་ས་མཐོའི་ཞིང་ལས་ཐོན་རྫས་ཤར་རྒྱུད་ཁྲོམ་རར་ཕྱོགས་པའི་རྒྱུན་རྣམ་ཅན་གྱི་མཁོ་སྤྲོད་མངོན་འགྱུར་བྱུང་ཡོད།

    ད་ཐེངས་རྒྱལ་ནང་གི་ཁྲོམ་རར་བཏོན་པ་ནི་པེ་ཅིང་དང་བོད་ཀྱིས་སྙེ་མོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་མཐུན་རྐྱེན་སྦྱོར་བའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་རེད་ལ། སྙེ་མོའི་བོད་སྒོང་སྤུས་རྟགས་ཅན་དང་། རྩེར་སོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ཚད་བརྒལ་གལ་ཆེན་ཞིག་ཀྱང་རེད། གོམ་སྟབས་རྗེས་མར། སྙེ་མོ་རྫོང་གི་བོད་སྐྱོར་ཚོགས་པས་ས་ཁོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་མུ་མཐུད་སྔོག་འདོན་དང་། ཁུངས་འདེད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། “སྙེ་མོའི་དངོས་ཟོག་ཡག་པོའི”ས་ཁོངས་ཀྱི་མིང་བྱང་གསལ་དུ་གཏོང་བ། སྣ་མང་གི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།