སྐྱིད་གྲོང་རྫོང་གིས།
ཐབས་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་བ།
ད་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གིས་འབྲུ་སྣུམ་གྲབས་གསོག་དོ་དམ་དང་། དཔྱིད་རྨོད་ཐོན་སྐྱེད་འགན་སྲུང་། ཞིང་ལས་ལག་རྩལ་པས་ཞིང་ནང་དུ་ཞབས་ཞུ་སྒྲུབ་པ། ཞིང་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་རྫོང་ཁོངས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།
ཐོན་སྐྱེད་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། སྐྱིད་གྲོང་རྫོང་གིས་འབྲུ་སྣུམ་བརྗེ་རེས་ལམ་སྲོལ་དང་སྤུས་ཚད་ལ་ལྟ་འདོམས་བྱེད་པའི་གོ་རིམ་ཚད་ལྡན་དུ་བཏང་སྟེ་འབྲུ་མཛོད་དང་དངོས་ཟོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་རྒྱུན་གཏན་སྤེལ་བས། འབྲུ་སྣུམ་གྲབས་གསོག་བརྒྱུད་བཤུག་དང་། སྤུས་ཚད་དོ་དམ་ཚོད་འཛིན། མ་དངུལ་དོ་དམ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཚད་ལྡན་ཅན་གྱི་གཉེར་སྐྱོང་མངོན་འགྱུར་ཐུབ་ཡོད། མིག་སྔར་རྫོང་ཡོངས་ཀྱི་འབྲས་དང་། གྲོ་ཞིབ། ནས། སྣུམ་སོགས་མང་ཚོགས་ཀྱི་འཚོ་བར་མཁོ་བའི་འབྲུ་སྣུམ་གྲབས་གསོག་འདང་ངེས་དང་མཁོ་སྤྲོད་བརྟན་པོ་བྱུང་ནས། མང་ཚོགས་ཀྱི་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་པ་དང་། འཕྲལ་དོམ་གྱི་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།