རང་ལྗོངས་ཀྱིས་ཁྱད་ལྡན་བཟའ་བཅའི་ཐོན་ཁུངས་ཀྱི་འཚོ་བཅུད་སྔོག་འདོན་དང་རིན་ཐང་འཕར་མའི་ཐོན་ལས་ཅན་གྱི་ལག་རྩལ་གསར་སྤེལ་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།
ཉེ་ཆར། བོད་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་ཁུངས་ཀྱི་འཚོ་བཅུད་སྔོག་འདོན་དང་རིན་ཐང་འཕར་མའི་ཐོན་ལས་ཅན་གྱི་ལག་རྩལ་གསར་སྤེལ་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་རེད། དེ་ནི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་རྣམ་གྲངས་ཡིན་པ་དང་འབྲེལ་ལག་བསྟར་བྱ་རྒྱུ་དང་། ཁྱོན་མ་དངུལ་སྒོར་ཁྲི་2780བཏང་ནས་ལག་བསྟར་བྱེད་ཡུན་ལོ་གསུམ་ཡིན་པ་རེད།
རྣམ་གྲངས་དེ་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའི་ཚན་རིག་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་པེ་ཅིང་བཟོ་ཚོང་སློབ་ཆེན་དང་ཀྲུང་གོ་བཟའ་བཅའ་བསྙལ་མའི་བཟོ་ལས་ཞིབ་འཇུག་ཁང་སོགས་རྒྱལ་ནང་གི་ལེགས་ལྡན་ཚན་ཞིབ་ཚན་པ་10དང་མཉམ་དུ་འགག་སྒྲོལ་བྱས་པ་དང་། དེའི་དམིགས་ཡུལ་ནི་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་བསྐྲུན་ནས་བོད་ཀྱི་ལས་སྣོན་ཐོན་ལས་ཀྱི་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད་རེད།
རྣམ་གྲངས་དེས་བདེ་ཐང་ཆེན་པོའི་ཐོན་ལས་འཕེལ་ཕྱོགས་ལ་དམ་པོར་དམིགས་པ་དང་། ནས་དང་། འབྲི་གཡག དཀར་ཆུའི་ཐོན་རྫས། ས་མཐོའི་ཇ་ལོ། བཟའ་བཅའི་ཤ་མོ་སོགས་ཁྱད་ལྡན་ཐོན་ཁུངས་ལ་དམིགས་པ་དང་། ཞིབ་ཚགས་པའི་ལས་སྣོན་ལག་རྩལ་ཞན་པ་དང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དམའ་བ། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།