སྤུས་ལེགས་ཆུ་བེད་འཛུགས་སྐྲུན་གྱིས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་གཏོང་དང་། འབབ་འཕར་ལ་སྐུལ་འདེད། དམངས་འཚོར་འགན་སྲུང་བཅས་ཀྱི་ཆུ་བེད་ལས་གྲྭའི་ནུས་པ་གལ་ཆེན་གང་ལེགས་བཏོན་ནས་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་སྟེགས་ལ་བརྟེན་པ་དང་། ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བའི་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ། ཆུའི་བདེ་འཇགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་ཆུ་བེད་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་བྱས་པ་རེད།
ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་རེད། ཆུ་བེད་ལས་གྲྭའི་གནས་ཡུལ་ཁ་ཐོར་དང་། ལས་མི་སྤྱོད་མང་བ། ལས་མི་བསྡུ་མང་བ་བཅས་ཀྱི་ལས་རིགས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་གཏོང་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བྱས་ཐོག་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཆུ་བེད་འཛུགས་སྐྲུན་ནང་བསྡུ་གང་ཐུབ་བྱས་ཏེ། ཕྱོགས་ཡོངས་ནས་ཆུ་བེད་དམངས་ཕན་གྱི་ཁེ་སྤོགས་ཐོབ་པར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཆུ་བེད་ལས་གྲྭའི་རྣམ་གྲངས་ཁག་312ལག་བསྟར་བྱས་ནས་ཞིང་འབྲོག་པ་མི་ཐེངས་17606ལས་ཞུགས་གཞན་སྒྱུར་བྱས་པ་དང་། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར་2.71འཕར་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་འགན་སྲུང་དང་། ཆུའི་གནོད་འཚེ་འགོག་བཅོས། ཆུའི་སྐྱེ་ཁམས་ཉམས་གསོ་བཅས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ས་ཁོངས་འཕེལ་རྒྱས་ལ་འཚམ་པའི་དེང་རབས་ཅན་གྱི་ཆུའི་བདེ་འཇགས་འགན་སྲུང་མ་ལག་མགྱོགས་མྱུར་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།