ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གིས་གཞི་རིམ་བཅོས་སྐྱོང་ཏན་ཏིག་བྱས་ནས་ཞབས་འདེཌ་ཞུ་ཚད་མཐོ་རུ་བཏང་བ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཅ་སུང་སྡེ་ཁུལ་ཏང་ཨུད་ཀྱིས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་མང་ཚོགས་ཀྱི“བསམ་འདུན་ཆུང་ངུར”དམིགས་ནས། ཁོངས་གཏོགས་ཁུལ་གྱི་འཇའ་ཚོན་སྣ་ལྔའི་འདམ་རའི་སྤྱི་གླིང་དུ་ངལ་གསོའི་རྐུབ་སྟེགས་དང་སྒྲ་སྐྱེད་སྒྲིག་ཆས་མང་དུ་བཏང་བ་མ་ཟད། སྒྱུར་བཀོད་ཞིབ་ཚགས་བྱས་ནས་གཞི་རིམ་བཅོས་སྐྱོང་ཏན་ཏིག་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རིག་གནས་ཀྱི་ཞབས་འདེགས་ཞུ་ཚད་མཐོར་གཏོང་བཅས་བྱས་ཏེ་དམངས་འཚོའི་བྱ་བ་དངོས་བསྒྲུབས་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ཡོད།
དེ་གོང་འཇའ་ཚོན་སྣ་ལྔའི་འདམ་རའི་སྤྱི་གླིང་གྲོང་མིའི་སྤྲོ་གསེང་བྱ་ཡུལ་ཞིག་ཡིན་པའི་ངོས་ནས་ངལ་གསོའི་སྒྲིག་བཀོད་འདང་ངེས་མེད་པའི་རྐྱེན་གྱིས་གྲོང་མིར་སྤེལ་རེས་དང་མཉམ་འགུལ་བྱ་ཡུལ་མེད། སྡེ་ཁུལ་ཏང་ཨུད་ཀྱིས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་རྗེས་སྤྱི་གླིང་གི་བཀོད་པ་དང་ཟུང་འབྲེལ་བྱས་ཏེ། སྤྱི་གླིང་གི་ཤེལ་ཁང་ཆེ་མོའི་ནང་ཚན་རིག་དང་མཐུན་པའི་ངང་ངལ་གསོའི་རྐུབ་སྟེགས་14མང་དུ་བཏང་ནས་རྐུབ་སྟེགས་དེ་དག་མི་རིགས་ཁག་གི་ཁྱིམ་མཚེས་དབར་སྤེལ་རེས་བྱེད་པའི“སེམས་སྦྲེལ་ཟམ་པ”ལྟ་བུར་འགྱུར་བར་བྱས་པ་དང་། ད་ཆ་མི་རིགས་ཁག་གི་མང་ཚོགས་རྣམས་རྐུབ་བཀྱག་གཅིག་གི་སྟེང་མཉམ་དུ་འཛོམས་ནས་འབྲེལ་འདྲིས་ཟབ་ཏུ་འགྲོ་བཞིན་ཡོད།
གསར་དུ་བསྒར་བའི་སྒྲ་སྐྱེད་དེས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད། ཁོངས་གཏོགས་ཁུལ་གྱི་གངས་ལྗོངས་རབ་སྤྲོ་ལུས་སྦྱོང་རུ་ཁག་གིས་སྒྲིག་ཆས་ལ་བརྟེན་ནས“མི་རིགས་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་དང་། མཁྲེགས་ཆས་རིམ་སྤོར་བྱས་པ་ལས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་ནས་གསར་བརྗེའི་གླུ་གཞས་དང་སྒོར་གཞས་སོགས་ཀྱིས་མི་རིགས་ཁག་གི་གྲོང་མི་དེའི་ནང་ཧུར་ཐག་ཞུགས་པའི་ཡིད་དབང་བཀུགས་ནས་གྲོང་མིའི་གཏོགས་སེམས་དང་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་དང་ཆབས་ཅིག སྒྲིག་བཀོད་གསར་པ་དེ་དག་གིས་ཀྱང་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ནས་སྤྱི་གླིང་དེ་ཉིད་མི་རིགས་རིག་གནས་འགྲེམས་སྟོན་བྱེད་པའི“ཚོམས་ཆེན”དུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།