འཕྱོངས་རྒྱས་རྫོང་གི་ཞིང་འབྲོག་ཁུལ་གྱི་བཙོག་ཆུ་དང་འདམ་རྫབ་གཙང་སེལ་དཔེ་སྟོན་རྣམ་གྲངས་སྤྱོད་འགོ་ཚུགས་པ།
ཉེ་ཆར། འཕྱོངས་རྒྱས་རྫོང་གི་ཞིང་འབྲོག་ཁུལ་གྱི་བཙོག་ཆུ་དང་འདམ་རྫབ་གཙང་སེལ་དཔེ་སྟོན་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་ཡོད། རྣམ་གྲངས་དེས་སློབ་གྲྭ་དང་ཁེ་ལས་ཀྱིས་བོད་སྐྱོར་གྱི་མཐུན་སྦྱོར་གསར་གཏོད་ལག་རྩལ་ལ་བརྟེན་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་གསོ་ཚགས་ཀྱི་ལུད་གཞི་གཅིག་ཅན་གྱི་གནོད་མེད་གཙང་སེལ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱས་པ་རེད།
ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་གི་དཀའ་གནད་སེལ་ཆེད། ཤང་དབྱང་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཧུའུ་པེ་རིག་གཞུང་དང་རང་བྱུང་ཚན་རིག་སློབ་གླིང་བོད་ལྗོངས(འཕྱོངས་རྒྱས)ཞིབ་འཇུག་ཁང་དང་། དེ་བཞིན་ཧུའུ་པེའི་ཡུལ་དེ་གའི་ཁེ་ལས་དང་མཉམ་དུ་ལག་རྩལ་གྱི་ཆེད་དོན་འགག་སྒྲོལ་བྱས་ནས་རྒྱུན་མཐུད་ཆོག་པའི་སྐྱེ་ཁམས་བོད་སྐྱོར་རྣམ་གྲངས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
ལག་རྩལ་འགག་སྒྲོལ་ཐེངས་མང་བྱས་པ་བརྒྱུད། ཚོགས་པས་དྲོད་ཚད་དམའ་བའི་འབུ་ཕྲའི་རིགས་འདུལ་གསོ་དང་། དྲོད་ཚད་ཧ་ཅང་དམའ་བའི་སྒྲིག་ཆས་ཀྱི་འཁྱགས་འགོག བཅོས་སྐྱོང་མ་ལག་དཔེ་དུམ་ཅན་གྱི་འདུས་གྲུབ་སོགས་ལྟེ་བའི་ལག་རྩལ་གྱི་དཀའ་ངལ་མང་པོ་གྲུབ་འབྲས་ཐོབ་པའི་ངང་ཁྱད་བསད་བྱས་ཏེ། ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པའི་བཙོག་ཆུ་དང་འདམ་རྫབ་གཞི་གཅིག་ཅན་གྱི་གཙང་སེལ་སྒྲིག་ཆས་ཞིབ་སྤེལ་བྱས་ཡོད། སྲོལ་རྒྱུན་གྱི་སྒྲིག་ཆས་དང་བསྡུར་ན་སྒྲིག་ཆས་དེར་སྤྱི་ཡོངས་ཀྱི་བོངས་ཚད་ཆུང་བ་དང་། ས་བཟུང་རྒྱ་ཁྱོན་ཆུང་བ། སྐྱེལ་འདྲེན་དང་སྒྲིག་སྦྱོར་སྟབས་བདེ་ཞིང་ལས་ཕྱོད་ཆེ་བ། བཀོལ་སྤྱོད་བརྒྱུད་རིམ་སྟབས་བདེ་བ། བཀོལ་སྤྱོད་བདག་སྐྱོང་གི་མ་གནས་དང་ཚད་གཞི་ཧ་ཅང་དམའ་བ། ཁ་ཐོར་གྲོང་སྡེ་ཁ་ཐོར་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྒྲིག་ཆས་དེས་ད་དུང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་ནོར་ལུག་གསོ་ཚགས་ཀྱི་ལུད་དུས་གཅིག་ཏུ་གཙང་སེལ་ཐུབ་ནས་སྦགས་བཙོག་རིགས་གཉིས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཐུབ་ཀྱི་ཡོད། སྒྲིག་ཆས་དེས་གཙང་སེལ་བྱས་རྗེས་བཙོག་ཆུ་ཚད་གཞི་ལོན་ནས་འབུད་གཏོང་ཆོག་པ་དང་། དེ་ལས་ཐོན་པའི་འདམ་རྫབ་ལས་སྣོན་བྱས་རྗེས་སྐྱེ་ལྡན་ལུད་སྤུས་ལེགས་སུ་གྱུར་ཏེ་ཐད་ཀར་ཞིང་ཁར་བརྒྱབ་ན་འགྲིག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།