དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མངའ་རིས་ས་ཁུལ་གྱིས་གྲོང་གསེབ་གཞུང་ལམ་གྱི་སྤུས་འབྲས་ལེགས་གཉེར་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་ཤར་སྐྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། མིག་སྔའི་བར། མངའ་རིས་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་15967.96ཟིན་པ་དང་། རྫོང་དང་། ཤང་གྲོང་། ཆ་རྐྱེན་འཛོམས་པའི་སྒྲིག་ཚུད་གྲོང་ཚོ་བཅས་སུ་ཤར་བགྲོད་ཐུབ་ཚད་100%དང་། 100% 97%བཅས་སོ་སོར་ཟིན་ཡོད་པ་རེད།

    “‘ལོ་ལྔ་ཚན་བཅུ་བཞི་པའི’རིང་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན། གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་བསྐྱར་སྐྲུན་རྣམ་གྲངས་20ལག་ལེན་བསྟར་བ་དང་། ལམ་ཚད་སྤྱི་ལེ་477བསྐྲུན་པ། མ་དངུལ་སྒོར་དུང་ཕྱུར་10.12བཏང་ནས་ཤང་དང་གྲོང་རྡལ་2དང་། སྒྲིག་ཚུད་གྲོང་ཚོ་8 རང་བྱུང་གྲོང་ཚོ་12བཅས་ཀྱི་ཤར་བགྲོད་གནད་དོན་ཐག་གཅོད་བྱས་ཡོད”ཅེས་མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་འཛུགས་སྐྲུན་དོ་དམ་ཁོའོ་ཡི་འགན་འཁུར་བ་ཡོན་ལིན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། 2026ལོར་མངའ་རིས་ས་ཁུལ་གྱིས་སྒེར་རྩེ་རྫོང་མ་མིག་ཤང་གི་G693ལམ་ཐིག་ནས་ན་མོ་ཆེན་གྲོང་ཚོ་བར་གྱི་ལམ་ཚད་སྤྱི་ལེ་70.2ཟིན་པའི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ལག་ལེན་བསྟར་བར་མ་དངུལ་ཁྱོན་སྒོར་དུང་ཕྱུར་2.36ཟིན་པ་དང་། རྣམ་གྲངས་བསྐྲུན་ཟིན་རྗེས་ན་མོ་ཆེན་གྲོང་ཚོ་དང་ཨུར་ཆེན་གྲོང་ཚོའི་ཤར་བགྲོད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་དང་། G693སྒེར་རྩེ་རྫོང་གི་མ་མིག་ཤང་དང་ཡག་ར་ཤང་བརྒྱུད་དེ་བར་ག་རྙིང་པ་བར་གྱི་བསྐྱར་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་དང་རྣམ་གྲངས་ལག་ལེན་བསྟར་རྗེས་G693ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་དང་དུས་མཚུངས། སེར་ལེ་ཕུག་གྲོང་ཚོ་དང་ར་ཁྲ་གྲོང་ཚོའི་ཤར་བགྲོད་གནད་དོན་ཐག་གཅོད་ཐུབ་ནས་ཆ་རྐྱེན་འཛོམས་པའི་སྒྲིག་ཚུད་གྲོང་ཚོར་ཤར་བགྲོད་ཐུབ་ཚད་100%ཟིན་རྒྱུ་ཡིན་པ་རེད།

    མངའ་རིས་ས་ཁུལ་གྱིས་དོ་དམ་དང་བདག་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས“ལམ་དཔོན་ལམ་ལུགས”དང“བདག་སྐྱོང་ཀུང་སི་དང་། མཉམ་ལས་ཁང་། ཞིང་འབྲོག་པ་བཅས་ཟུང་དུ་འབྲེལ་བའི”རྒྱུན་གཏན་གྱི་བདག་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཆེད་ལས་ཅན་གྱི་བདག་སྐྱོང་དཔུང་ཁག་བཙུགས་ནས་བདག་སྐྱོང་ལས་དོན་ཁྲོམ་ར་ཅན་དང་འཕྲུལ་ཆས་ཅན་དུ་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད། མིག་སྔར་མངའ་རིས་ས་ཁུལ་དུ་བདག་སྐྱོང་དང་སྐྱེལ་འདྲེན་ལས་གཉེར་གཞི་གཅིག་ཅན་གྱི་ཀུང་སི་7དང་བདག་སྐྱོང་གི་འོས་ཐོབ་ལྡན་པའི་ཁེ་ལས་5ཡོད་པ་དང་། ཆེད་ལས་མཉམ་ལས་ཁང་60ལྷག་ཙམ་དང་གྲོང་གསེབ་གཞུང་ལམ་བདག་སྐྱོང་བ་1131གིས་རྒྱུན་གཏན་གྱི་བདག་སྐྱོང་ལས་ཀར་ཞུགས་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་རྒྱུན་གཏན་གྱི་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར་3.57དང་བདག་སྐྱོང་ལས་གྲྭའི་མ་དངུལ་སྒོར་དུང་ཕྱུར་2.61བཏང་བས་གཞུང་ལམ་གྱི་ཞབས་ཞུའི་ནུས་པ་དང་འཁོར་སྐྱོད་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།