དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་གྱིས“སྣ་ཚོགས་བཞི་དང་མཉམ་སྡུད་བཞིའི”བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་བཏང་སྟེ།

    གྲོང་གསེབ་དར་རྒྱས་ཀྱི་ཐུན་མོང་ཕྱུག་འགྱུར་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། རྫོང་གྲོང་གི་དམིགས་བསལ་ལེགས་ཆར་གཞི་ཚུགས་པ། གྲོང་སྟོབས་དམངས་ཕྱུག་དང་ཐུན་མོང་ཕྱུག་འགྱུར་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ལག་ལེན་ཁྲོད་གསར་གཏོད་བྱེད་པར་བརྟེན་ནས“བྱེད་པོ་སྣ་ཚོགས་མཉམ་འབྲེལ་དང་། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ། ལས་རྣམ་སྣ་ཚོགས་མཉམ་འདྲེས། ཁེ་ཕན་སྣ་ཚོགས་གཅིག་སྡུད”བཅས་ལྟེ་བར་བྱེད་པའི“སྣ་ཚོགས་བཞི་དང་མཉམ་སྡུད་བཞིའི”མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཆགས་པར་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དེ“ཐར་ཐོར་ཤུགས་འདོན”ནས“མ་ལག་གཅིག་སྡུད”དུ་འགྱུར་བར་སྐུལ་འདེད་བཏང་བས། མཉམ་སྡེབ་དཔལ་འབྱོར་གྱི་གྲངས་འབོར་མང་དུ་གཏོང་བ་ནས་སྤུས་ཚད་མཐོར་གཏོང་བར་མངོན་འགྱུར་བྱུང་སྟེ། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཚད་ཤིང་བཙུགས་ཡོད།

    “བྱེད་པོ་སྣ་ཚོཌ་མཉམ་འདུས”མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།

    ཉེ་བའི་ལོ་ཤས་རིང་། སྐྱིད་གཤོངས་གྲོང་རྡལ་གྱིས་དེ་སྔའི་གྲོང་ཚོའི་མཉམ་སྡེབ་ཀྱི“ཁེར་འཁྲབ་ཟློས་གར”གྱི་རྣམ་པར་འགྱུར་ལྡོག་བཏང་ནས་གྲོང་ཚོའི་ཏང་རྩ་འཛུགས་དང་། གྲོང་ཚོ་ཨུ་ལྷན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། ཕ་ཡུལ་དུ་ལོག་མཁན་འཇོན་ཐང་ཅན། ཆེད་ལས་ཤེས་ལྡན་པ། ཁྲོམ་རའི་བྱེད་པོ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཁེ་ཕན་གཅིག་མཐུན་ཚོགས་པ་དང་འཕེལ་རྒྱས་མནའ་འབྲེལ་ཐོག་གཅིག་བསྒྲིལ་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་པ་དང་གསོན་ཤུགས་དེ་བས་ཆེ་རུ་བཏང་ཡོད།

    སྐྱིད་གཤོངས་གྲོང་རྡལ་གྱིས་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས“ལས་རིགས་ཅིང་ལི”གདན་དྲངས་པའི་རྣམ་པ་གསར་གཏོད་བྱས་ཏེ་ལམ་སྲོལ་གསར་པར་བརྟེན་ནས་གསོན་ཤུགས་གསར་པ་འཕེལ་བ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཁོར་འབྲེལ་ལ་མཐུན་རྐྱེན་སྦྱོར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། བོད་ལྗོངས་ཀྲུང་ཅ་བརྡ་ཆ་མཛེས་བཟོ་ཚད་ཡོད་ཀུང་སི་བཙུགས་ནས་གྲོང་ཚོའི་མཉམ་སྡེབ་དང་། ཕྱི་ཕྱོགས་ཁེ་ལས། ཆེད་ལས་ཚོགས་པ་བཅས་མཉམ་ལས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་སྤུས་ལེགས་མ་དངུལ་དང་། སྔོན་ཐོན་ལག་རྩལ། ཚན་རིག་དང་མཐུན་པའི་དོ་དམ། ཁྲོམ་ར་བརྟན་དུ་གཏོང་བའི་ཐབས་ལམ་བཅས་ནང་འདྲེན་བྱས་ཏེ་གཉེར་སྐྱོང་ཉིན་20བྱས་པར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་14ལྷག་ཙམ་ཟིན་ནས“1+1>2”ཀྱི་གཅིག་སྡུད་ནུས་པ་ཐོན་ཡོད།

    “ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ”ལ་སྐུལ་འདེད་བཏང་ནས་བེད་མེད་རྒྱུ་ནོར་ཕན་སྒྱུར་བྱས་པ།

    སྐྱིད་གཤོངས་གྲོང་རྡལ་བྲག་ཆེན་སྡེ་ཁུལ་གྱིས་ས་ཆའི་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ཏེ། གྲོང་ཚོའི་མཉམ་སྡེབ་ཀྱིས་གཅིག་གྱུར་བརྒྱུད་ཤུག་དང་། གཅིག་གྱུར་འཆར་འགོད། རྣམ་གྲངས་ཅན་གྱི་ལེགས་སྒྲིག་བཅས་བྱས་ནས་ཁྱད་ལྡན་ཐོན་ལས་ཀྱི་རྣམ་གྲངས་འདུན་ཞུ་ཧུར་ཐག་བྱེད་པ་དང་དེང་རབས་ཞིང་ལས་གཉེར་སྐྱོང་བྱེད་པོ་ནང་འདྲེན་བྱས་ཏེ་ས་ཆའི་ཕན་འབྲས་དང་མཉམ་སྡེབ་བོགས་དངུལ་གྱི་ཕན་འབྲས་ཆེས་ཆེར་མཐོ་རུ་བཏང་བ་རེད། སླེའུ་ཆུང་གྲོང་ཚོས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་བེད་མེད་ས་རྒོད་སློག་ནས་ཀུ་ཤུ་དང་ལོ་གསུམ་ཁམ་བུ་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་མུའུ་1500ལྷག་ཙམ་འདེབས་འཛུགས་བྱས་པར་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་10.7བྱུང་བ་དང་ཆབས་ཅིག གཏན་འཇགས་ལས་ཞུགས་ལས་གནས་11མཁོ་འདོན་བྱས་ཏེ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ཡན་ཟིན་པར་སྐུལ་ཁྲིད་བྱས་པས་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མང་པོ་ཐོན་ཡོད།

    མཉམ་སྡེབ་དཔལ་འབྱོར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགོག་རྐྱེན་མེད་པར་བཟོས་ཏེ“ས་གྲོལ་དཔལ་འབྱོར”དང“རྒྱུ་ནོར་དཔལ་འབྱོར”སོགས་ཀྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། སླེའུ་ཆུང་གྲོང་ཚོས་མ་དངུལ་སྒོར་ཁྲི་540ལྷག་ཙམ་བཏང་སྟེ་སྤུས་ལེགས་ཀྱི་ཚོང་ལས་རྒྱུ་ནོར་ཉོས་ཏེ་ལོར་བོགས་དངུལ་ཡོང་འབབ་སྒོར་ཁྲི་36བྱུང་བ་དང་། མ་དངུལ་སྒོར་ཁྲི་240ལྷག་ཙམ་བཏང་སྟེ་རྫོང་གྲོང་ནས་ས་ཆ་མུའུ་10ཉོས་ཏེ། ཐོན་ལས་ཀྱི་བཀོད་པ་ལེགས་སུ་དང་འཕེལ་རྒྱས་ཀྱི་བར་མཐོངས་སྔོན་ཉར་བྱས་ཡོད། སྐྱིད་གཤོངས་སྡེ་ཁུལ་གྱིས་བེད་མེད་ནུས་ཆུང་གི་རྒྱུ་ནོར་ཁྱོན་ཡོངས་ནས་ཕན་སྒྱུར་བྱས་ཤིང་། ཚོང་སྒྱུར་སྡོད་ཁང་བོགས་མར་བཏང་བར་ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་། རི་ཆུ་ཨར་འདམ་ཚད་ཡོད་ཀུང་སིའི་གཉེར་སྐྱོང་འགན་གཙང་བླངས་པར་ལོར་གཏན་འཇགས་ཡོང་འབབ་སྒོར་ཁྲི་25བྱུང་སྟེ་བེད་མེད་རྒྱུ་ནོར་བེད་སྤྱོད་ཡག་པོ་བྱས་ཡོད།

    “ལས་རྣམ་སྣ་ཚོགས་མཉམ་འདྲེས”ལ་སྐུལ་འདེད་བཏང་ནས་འབབ་འཕར་ཐབས་ལམ་ཡངས་སུ་བཏང་བ།

    སྐྱིད་གཤོངས་གྲོང་རྡལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ཏེ་མཉམ་སྡེབ་དཔལ་འབྱོར་དེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    “མ་རྐང་འཇོག་པའི་དཔལ་འབྱོར”ལག་བསྟར་ཧུར་ཐག་དང་རྫོང་ཁོངས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁེ་སྤོགས་རང་འགུལ་ངང་མཉམ་སྤྱོད་བྱས་ཏེ། སྐྱིད་གཤོངས་སྡེ་ཁུལ་དང་སླེའུ་ཆུང་གྲོང་ཚོའི་མཉམ་སྡེབ་ལ་མ་དངུལ་སྒོར་ཁྲི་600ལྷག་ཙམ་རྫོང་ཞང་རུའེ་མ་འཇོག་ཚད་ཡོད་ཀུང་སིའི་བྱེ་རྡོ་ར་བའི་ཐོན་ལས་རྣམ་གྲངས་ལ་མ་རྐང་དུ་འཇོག་རྒྱུར་ཁྲིད་སྟོན་བྱས་པར་སྔོན་དཔག་ལྟར་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ལོར་འབབ་འཕར་སྒོར་ཁྲི་100ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད། རྨང་བརྟན་དམངས་ཕན་གྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་རྫོང་རྭ་སྨད་འགྲུལ་སྐྱེལ་ཀུང་སིའི་གྲོང་སྡོད་བདེ་འཇགས་འཁོར་སྤྱོད་འགན་སྲུང་རྣམ་གྲངས་ལ་ཞུགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    སྐྱིད་གཤོངས་གྲོང་རྡལ་གྱི་དངོས་གཉེར་བྱ་ཐབས་རབ་དང་རིམ་པ་ལས་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་ཡོང་ཁུངས་དེ་ཞིང་ལས་ཀྱི་བོགས་དངུལ་དང་ཐོན་ཁུངས་འགན་གཙང་སྤྲོད་པ་ནས་རྒྱུ་ནོར་བོགས་གཏོང་དང་། མ་རྐང་གི་ཁེ་སྤོགས་བགོ་འགྲེམས། ཞབས་ཞུ་གཉེར་སྐྱོང་། ཐོན་ལས་ཀྱི་ཕན་འབྲས་སོགས་ཕྱོགས་མང་པོར་རྒྱ་སྐྱེད་ཕྱིན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཆ་དང་། ཉེན་ཁ་འགོག་ནུས། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    “ཁེ་ཕན་སྣ་ཚོགས་གཅིག་སྡུད”ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་པ།

    2026ལོར། སྐྱིད་གཤོངས་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)4ལ་རིམ་རྩིས་བརྒྱབ་ན་སྒོར་ཁྲི་642.06(དེའི་ནང་ས་ཆ་བསྡུས་པའི་དངུལ་སྒོར་ཁྲི་330ལྷག་ཙམ་ཡོད་པ)བགོ་འགྲེམས་བརྒྱབ་པ་དང་། མིག་སྔར་མཉམ་སྡེབ་དཔལ་འབྱོར་གྱི་རྩིས་ཁྲའི་ལྷག་གྲངས་སྒོར་ཁྲི་2370.23ཟིན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    “སྣ་ཚོགས་བཞི་དང་མཉམ་སྡུད་བཞིའི”རྣམ་པ་འཚོལ་ཞིབ་གཏིང་ཟབ་དང་ལག་ལེན་བྱས་པ་བརྒྱུད། སྐྱིད་གཤོངས་གྲོང་རྡལ་གྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་ལ་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་འགྲོ་བ་དང་། ཕན་འབྲས་བརྟན་པོའི་ངང་ཆེ་རུ་འགྲོ་བ། གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

    གྲོང་རྡལ་དང་གྲོང་ཚོའི་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གྲོང་ཚོ་མང་པོའི་ལོ་རེའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཤུགས་ཆེན་འཕར་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་མཐུད་ཡངས་སུ་ཕྱིན་ཏེ་སྲོལ་རྒྱུན་གྱི་འདེབས་གསོ་ནས་རྒྱུ་ནོར་གཉེར་སྐྱོང་དང་། རྐང་དབང་མ་འཇོག ཞབས་ཞུའི་ལས་རིགས་སོགས་གང་ས་ཅི་ཐད་ལ་འཕེལ་རྒྱས་གཏོང་ཐུབ་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི“དོན་དག་སྒྲུབ་པར་དངུལ་དང་འཇོན་ཐང་ཡོད་པའི”འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཏེ་གཞི་རིམ་གྱི་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་དང་པོར་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པར་སྦྱོང་བརྡར་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།