དབུ་ཤོག>ཞིང་འབྲོག་གསར་པ།
  • སྦྲ་ཆེན་རྫོང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    སྦྲ་ཆེན་རྫོང་ནི་འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་རྒྱུན་གལ་ཆེན་གྱི་ཆུ་འགོའི་ཁོངས་སུ་གནས་ཡོད་ལ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་གྲུབ་ཆ་ཞིག་ཀྱང་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན། སྦྲ་ཆེན་རྫོང་གིས“སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་ཀྱི་ལམ་བུར་སྐྱོད་པ། སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་པ”བཅས་མཐའ་འཁྱོངས་བྱས་ནས་ཡེ་ཆུའི་ངོགས་གཉིས་ཀྱི་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་དང་། འོས་འགན་ཤིང་འཛུགས། རྫོང་གྲོང་གི་སྤུས་ཚད་མཐོར་གཏོང་། སྡོང་ཕྲུག་ར་བའི་རྟེན་གཞི་འགན་སྲུང་བཅས་ཀྱི་ཆ་ཤས་ཆེན་པོ་བཞིར་དམིགས་ཏེ། ས་ཁོངས་ཧྲིལ་པོ་སྔོ་འགྱུར་དང་། བརྒྱུད་རིམ་ལྡན་པའི་སྔོ་ལྗང་། དམངས་ཡོངས་ཀྱིས་སྔོ་ལྗང་སྲུང་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    སྦྲ་ཆེན་རྫོང་གྲོང་གི“མ་ཡུམ་ཆུ་བོ”ཡིན་པའི་ཡེ་ཆུ་ཡིས་གྲོང་ཁྱེར་གྱི་སྐྱེ་ཁམས་ལ་གཞི་བརྟན་ཡོད་ལ། མང་ཚོགས་ཀྱི་འཚོ་བར་ཡང་རེ་བ་སྦྱིན་བཞིན་ཡོད། 2024ལོ་ཚུན། “ནགས་ཚལ་འཚམ་སར་ནགས་བཟོ་དང་རྩྭ་འདེབས་འཚམ་སར་རྩྭ་འདེབས”ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་སྐྱེ་ཁམས་བཅོས་སྐྱོང་དང་། ཡུལ་ལྗོངས་མཛེས་བཟོ། དམངས་འཚོ་ལེགས་གཏོང་བཅས་ཀྱི་ལས་འགན་ཆེན་པོ་གསུམ་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་260ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་སྦྲགས། རྩྭ་འདེབས་ལས་གྲྭར་དུས་གཅིག་ཏུ་སྐུལ་འདེད་བཏང་བས། རྩྭ་འདེབས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་13ཟིན་པ་མ་ཟད། ས་མཐོའི་གནམ་གཤིས་དང་འཚམ་པའི་ཡུལ་བབ་སྡོང་ཕྲུག་སྣ་ཚོགས་རྐང་28750ལྷག་ཙམ་བཏབ་ཡོད་པ་རེད།

    སྦྲ་ཆེན་རྫོང་གིས་འོས་འགན་ཤིང་འཛུགས་བྱེད་པ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྨང་གཞིའི་འདུ་འགོད་ཅིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“ལས་བྱེད་པས་སྣེ་ཁྲིད་པ་དང་། མང་ཚོགས་ཞུགས་པ། སྤྱི་ཚོགས་མཉམ་འགུལ”བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ཡོད། 2021ལོ་ཚུན། རྫོང་དེས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་སྡོང་ཕྲུག་རྐང་ཁྲི་6.2ལྷག་ཙམ་བཏབ་པར་སྔོ་འགྱུར་རྒྱ་ཁྱོན་མུའུ་800ལྷག་ཙམ་ཟིན་པ་དང་། སྤྱི་ཡོངས་གསོན་ཚད་85%ཡན་ཟིན་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    དེ་དང་ཆབས་ཅིག རྫོང་གྲོང་སྔོ་ལྗང་ཁུལ་གྱི་བཀོད་པ་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སུ་བཏང་སྟེ། འགྲོ་ལམ་དང་། སྤྱི་གླིང་། ཚན་པའི་སྒོ་ར། སྡོད་གནས་ཁུལ་ཆུང་བཅས་ཚང་མ་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། “གནས་དང་། ལམ་ཐིག ས་ཁོངས”བཅས་མཉམ་དུ་འབྲེལ་བའི་རྫོང་གྲོང་སྔོ་འགྱུར་མ་ལག་སྐྲུན་པ། ཡུལ་བབ་དང་བསྟུན་ནས་སྔོ་ལྗང་ཁུལ་ཆུང་གྲས་དང་། ལམ་ཟུར་སྤྱི་གླིང་། ཆུ་རྒྱུད་སྔོ་ལྗང་བར་ཁྱམས་སྐྲུན་པ་བཅས་བྱས་པས། རྫོང་གྲོང་མངོན་གསལ་དོད་པོས་སྔོ་ལྗང་ཅན་དུ་གྱུར་ཡོད་པ་རེད།

    ལྕང་སོན་ནི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྨང་གཞིའི་འགན་སྲུང་ཡིན་ཞིང་། སྦྲ་ཆེན་རྫོང་གིས་ས་མཐོའི་གནམ་གཤིས་གྲང་ངར་ཆེ་བའི་དོན་དངོས་ལ་གཞི་ཚུགས་ནས་རང་ཡུལ་ཅན་དང་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བའི་རྟེན་གཞི་གཙོ་གནད་ཐོག་སྐྲུན་པ་དང་། “ཐག་ཉེ་སར་སྡོང་ཕྲུག་གསོ་བ་དང་། ཐག་ཉེ་ས་ནས་སྡོང་ཕྲུག་མཁོ་འདོན། ཐག་ཉེ་སར་འདེབས་འཛུགས”བཅས་ཀྱི་བྱ་ཐབས་ཁྱབ་གདལ་གཏོང་བ། གཏོང་འདྲེན་གྱི་མ་གནས་དམའ་རུ་ནུས་ལྡན་གཏོང་བ་བཅས་བྱས་ནས། སྡོང་ཕྲུག་གསོན་ཚད་འགན་ལེན་བྱས་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་26.2འདེབས་གསོ་བྱས་པ་དང་། དེའི་ནང་ཡུལ་བབ་ཤིང་རིགས་རྐང་ཁྲི་19.2དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་ཤིང་རིགས་རྐང་ཁྲི་7བཏབ་པ་དེ་རྫོང་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་ལྕང་སོན་གྱི་འབྱུང་ཁུངས་བརྟན་པོར་གྱུར་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྡོང་ཕྲུག་ར་བའི་རྟེན་གཞི་དང་ཡེ་ཆུའི་ཉམས་གསོའི་ལས་གྲྭར་བརྟེན་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་220ལྷག་ཙམ་འཕར་བར་སྐུལ་ཁྲིད་ཐུབ་སྟེ“སྐྱེ་ཁམས་མཛེས་པ་དང་མི་སེར་ཕྱུག་པོ་ཆགས་པ”གཅིག་གོ་གཉིས་ཆོད་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།