མཚོ་བོད་ཚོགས་པ་ཀུང་སིས་བོད་ཀྱི་དཔྱིད་འདེབས་ཞིང་ཆས་སྐྱེལ་འདྲེན་འགན་ལེན་བྱས་པ།
ཉིན་ཤས་བསྟུད་མའི་རིང་། བསྲེས་སྦྱོར་རྫས་ལུད་དང་ཁིལ་ཅཱ་རྫས་བྱུར་བུར་བླུགས་པའི་ཟོག་འདྲེན་མེ་འཁོར་མཚོ་སྔོན་གོར་མོ་དང་མདའ་བཞི་སོགས་ས་ཆ་ནས་མཚོ་བོད་ལྕགས་ལམ་གྱི་ལྷོ་སྨད་བརྒྱུད་ཆུ་ཚོད་36ཙམ་ལས་མ་འགོར་བར་ལྷ་སའི་གྲོང་ནུབ་འབབ་ཚུགས་ཀྱི་དོས་རར་སླེབས་ཏེ། རང་ལྗོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ལ་རམ་འདེགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔ་ནི་བོད་ཀྱི་དཔྱིད་རྨོད་དཔྱིད་གྲབས་ཀྱི་འགག་རྩའི་དུས་སྐབས་ཡིན་པས། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་དཔྱིད་འདེབས་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྐྱེལ་འདྲེན་ནུས་པ་སྤྱི་འདོམས་བཀོད་སྒྲིག་དང་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་ནས། ཞིང་ཆས་སྐྱེལ་འདྲེན་གྱི“མཐའ་མའི་འགག་གནད”ཡོངས་སུ་སེལ་རྒྱུ་ཡིན་པ་རེད།
ལྷ་ས་ལྕགས་ལམ་ཟོག་འགྲུལ་ལས་གཉེར་ཁང་གི་འགན་འཁུར་བ་ཝུའུ་ཧའོ་ཡིས་ངོ་སྤྲོད་བྱས་དོན། མེ་འཁོར་དུ་བླུགས་ནས་ཁག་དབྱེ་རྩིས་སྤྲོད་བར། ལྕགས་ལམ་སྡེ་ཚན་གྱིས་བརྒྱུད་རིམ་ཧྲིལ་པོའི་ལས་དོན་མགྱོགས་སུ་བཏང་ནས། དཔྱིད་འདེབས་ཐོན་སྐྱེད་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱ་རྒྱུ་ཡིན། ཟླ་2པའི་ཟླ་སྨད་དུ་དཔྱིད་འདེབས་ཞིང་ཆས་སྐྱེལ་འདྲེན་འཕྲལ་སྡོམ་སྔོན་ཇུས་བཟོས་ཚུན། ལྷ་སའི་གྲོང་ནུབ་འབབ་ཚུགས་ཀྱི་དོས་ར་གཅིག་པུར་རིམ་རྩིས་བརྒྱབ་ན་འཁོར་སྒྲོམ་246དང་རྫས་ལུད་ཏུན་15820འབྱོར་བ་དེ་དུས་མཚུངས་ལས་36%འཕར་ཡོད། ད་ལོ་ནས་བཟུང་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་དཔྱིད་འདེབས་རྫས་ལུད་ཏུན་ཁྲི་136.4སྐྱེལ་འདྲེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་27.9%འཕར་ཡོད། སྲ་བརྟན་གྱི་སྐྱེལ་འདྲེན་ནུས་པའི་ལེགས་ཆས་ས་མཐོའི་དཔྱིད་འདེབས་ཐོན་སྐྱེད་འགན་ལེན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།