དབུ་ཤོག>ཞིང་འབྲོག་གསར་པ།
  • ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-06

    ཟླ་5ཚེས་1ནས་ཚེས་3ཉིན་བར། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་དམངས་ཕན་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི“ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ”བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་ཨང་གཉིས་པར་སྤེལ་ཞིང་། བྱེད་སྒོས“འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ནང་མཁོ་རྒྱ་ཆེར་གཏོང་བའི”སྲིད་ཇུས་ལ་དམ་པོར་དམིགས་ཏེ། ཁེ་ལས་ཀྱི་འགྲེམས་སྟོན་སྐར་ཁུང་གསར་པ་དང་ཐོན་ལས་མཐུན་སྦྱོར་གྱི་ལས་སྟེགས་གསར་པ་གཏོད་པར་གཞོལ་བ་དང་ས་ཁོངས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་གླིང་ཁུལ་གྱི་སྤུས་ལེགས་ཁེ་ལས་40ཞུགས་ཡོད་པ་དེ་དག་གིས་བོད་སྨན་དང་། ནས་ཀྱི་བཟའ་བཅའ། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད། ཚན་རྩལ་ཐོན་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཁ་430ལྷག་ཙམ་གཅིག་སྡུད་ཐོག་བཤམས་ཏེ། ས་མཐོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་མང་པོ་ནས་མངོན་པར་བྱས་ཡོད། འཛད་སྤྱོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་ཆེད། བྱེད་སྒོས་སྒོར་ཁྲི་200རི་བའི་ཆེད་དོན་འཛད་སྤྱོད་འཛིན་ཤོག་བཀྲམ་པ་དང་། ལོན་གཅོག་གཟིགས་སྐྱོང་རིམ་པ་6བཟོས་པ། ཁེ་ལས་ཀྱིས་ཁེ་ཟ་གྱོང་ཁུར་གྱི་བྱེད་ཐབས་མང་དུ་བཏང་བ། སྲིད་ཇུས་དང་ཁྲོམ་ར་ཟུང་དུ་འབྲེལ་བའི་ཕན་པ་གཉིས་ཐོབ་པར་བྱས་པ་བཅས་ལས། འཛད་སྤྱོད་པར་ཕན་པ་དངོས་ཐོབ་པ་དང་ཁེ་ལས་ཀྱི་ཕྱིར་ཚོང་བྱེད་ཚད་མང་དུ་ཕྱིན་ཡོད།

    ད་ཐེངས་ཀྱི་བྱེད་སྒོས་ཁེ་ལས་ལ་སྤེལ་རེས་དང་འགྲེམས་སྟོན་བྱེད་པའི་ལས་སྟེགས་བཏོད་པ་དང་། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། དམངས་ལ་ཕན་པ་དང་། ཁེ་ལས་ལ་ཕན་པ། གྲོང་ཁྱེར་དར་རྒྱས་བཅས་ཀྱི་ཕན་འབྲས་མང་པོ་བཏོད་ནས། ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།