རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལེགས། གྲོང་གསེབ་དར་རྒྱས་འབྲས་བུ་ལྗིད་ཏིག་ཏིག
འཕྱོངས་རྒྱས་རྫོང་གིས་རིག་གནས་དང་ཡུལ་སྐོར་སླར་གསོའི་སྣ་འདུས་ཐབས་བཟང་བཏོན་པ།
“ནས་ཆང་བཟོ་ཁང་དུ་རྟོག་ཞིབ་བྱེད་པར་སླེབས་པའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་བསྐྱལ་མ་ཐག་ཡིན། ཡང་གླིང་ཁའི་འདུ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་ཆས་གྲ་སྒྲིག་བྱེད་དགོས”ཞེས་ཆང་ཁྱིམ་གྲོང་ཚོའི་ཡུལ་མི་བསོད་ནམས་ཆོས་སྒྲོན་གྱིས་བོད་བཟོའི་དམངས་སྲོལ་གནས་ཚང་གི་ཉལ་ཆས་བསྡུ་གསོག་རྒྱག་ཞོར་དུ་འཛུལ་དམུལ་དམུལ་ངང་དེ་ལྟར་བརྗོད། འཕྱོངས་རྒྱས་ཀྱི་རི་ཚོགས་ཁྲོད་གནས་པའི“ནས་ཆང་ཁྱིམ་གཞིས”དེས་2025ལོར་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་རྟོག་ཞིབ་ཚོགས་པ་16ལ་སྣེ་ལེན་ཞུས་ཏེ་འཕྱོངས་རྒྱས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱལ་སྤྱི་ཅན་གྱི་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱས་ཡོད།
ཏང་འཛུགས་བློ་སྦྱོང་།
“གསར་བརྗེའི་སྒུལ་ཤུགས”འཕེལ་བར་བྱས་པ།
འཕྱོངས་རྒྱས་རྫོང་གིས“རྫོང་ཨུད་ཀྱི་ཧྲུའུ་ཅི་ནས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིའི་བར”གྱི་རིམ་བཞིའི་འགན་འཁྲིའི་མ་ལག་ལ་མུ་མཐུད་དམ་འཛིན་ནན་པོ་དང“འགྲན་སྟེགས་སུ་འགྲན་བསྡུར”ལྟར་ལས་བྱེད་པས་ལས་འགན་སྒྲུབ་པར་ལྡོག་སྐུལ་བྱས་ཏེ། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། ཆང་ཁྱིམ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་དེ་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་དང་། ཏང་ཡོན་95ཡིས་སྣེ་ཁྲིད་དེ་དམངས་སྲོལ་གནས་ཚང་45རིམ་སྤོར་སྒྱུར་བཀོད་ལས་དོན་ལེགས་སྒྲུབ་བྱས་པ། “སྲིད་གཞུང་གིས་ཁ་གསབ་དང་མང་ཚོགས་ཀྱིས་འགྲོ་སོང་གཏོང་བའི”བྱེད་སྟངས་བརྒྱུད་ཚད་ལྡན་ཅན་གྱི་སྒྲིག་བཀོད་བཀོད་སྒྲིག་བྱས་པ་དང་འབྲེལ་གཉེར་སྐྱོང་བ་ལྷ་སར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་བྱེད་པར་མངགས་པ་རེད། ད་ཆ་དམངས་སྲོལ་གནས་ཚང་དེ་དག་གིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་5000ལྷག་ཙམ་ལ་སྣེ་ལེན་ཞུས་པར་དུད་ཚང་རེར་ཆ་སྙོམས་ལོ་རེར་འབབ་འཕར་སྒོར་ཁྲི་1.2བྱུང་བ་དང་། དབུལ་སྒྲོལ་དུད་ཚང་22དམངས་སྲོལ་གནས་ཚང་གི་ཞབས་ཞུ་བརྒྱུད་ལས་ཞུགས་བརྟན་པོ་བྱུང་ཡོད། “ཏང་ཡོན་གྱིས་སྔོན་ལ་ཚོད་ལྟ་བྱེད་པ་དང་མང་ཚོགས་རྗེས་སུ་འབྲངས་ནས་ཕྱུག་པོ་ཆགས་པར་བྱེད་ཀྱི་ཡོད”ཅེས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་བརྗོད། རྫོང་ཡོངས་ཀྱི“ཏང་དང་མང་ཚོགས་ཀྱི་ཇ་ཁང་ཆུང་ཆུང”7ཡུལ་སྐོར་ཞབས་ཞུའི་ས་ཚིགས་སུ་གྱུར་པ་དང་ཏང་ཡོན་དང་བླངས་པས་ལོ་ཧྲིལ་པོར་བློ་འདྲིའི་ཞབས་ཞུ་ཐེངས་ཁྲི་ལྷག་ཙམ་ཞུས་ཡོད།
རིག་གནས་གསར་གཏོད།
ལོ་ངོ་སྟོང་གི་ཤུལ་བཞག་ལ“གསོན་ཤུགས་རྒྱས་པ”
“བོད་ཀྱི་རིག་གནས་ཀྱི་ལྟེ་བའི་ཁུལ”ཡིན་པའི་ངོས་ནས། 2025ལོར་འཕྱོངས་རྒྱས་རྫོང་གིས“ཞིབ་དཔྱོད་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”རིག་གནས་སྲུང་སྐྱོང་ལམ་སྲོལ་གསར་གཏོད་བྱས་ནས་བཏོན་པ་དང་། སྤྱི་ཕན་གཏུག་བཤེར་གྱི་ཆེད་དོན་ལྟ་སྐུལ་ལས་དོན་སྤེལ་ནས་སྤོ་མི་རུང་བའི་རིག་དངོས་159ལ་སྐོར་ཞིབ་དང་དོ་དམ་སྲུང་སྐྱོང་བྱས་པ་རེད། ལོ་400ཡི་ལོ་རྒྱུས་ལྡན་པའི་ཆང་ཁྱིམ་གཞིས་ཀ་ལྷོ་ཁ་གྲོང་ཁྱེར་གྱི་གནའ་བོའི་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་དཔེ་མཚོན་དུ་ཐོག་མར་རིམ་སྤོར་བྱས་པ་དང་། “གྲངས་འཛིན་ཅན་དང་དངོས་ལྗོངས་ཟུང་དུ་འབྲེལ་བའི”དབྱིངས་ཞུགས་རྣམ་པའི་རིག་གནས་ལྟེ་གནས་བཏོད་པ་བརྒྱུད་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་གྱི་ལོ་རྒྱུས་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱས་པས་ལོ་ཧྲིལ་པོར་ཞིབ་སློབ་ཚོགས་པ་ཁག་ཐེངས་200ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། སྤྱན་གཡས་དགོན་དང་ཐང་པོ་ཆེ་དགོན་རྒྱལ་ཁབ་སྲུང་སྐྱོབ་ཚན་པར་ཚུད་རྗེས་རིག་ལྡན་བདེ་སྲུང་མ་ལག་ནང་འདྲེན་དང་། རིག་དངོས་སྲུང་སྐྱོང་དང་འགྲེམས་སྟོན་འཁོར་རྒྱུག་བཟང་པོ་བྱུང་ནས“སྲུང་སྐྱོང་ནི་འཕེལ་རྒྱས་ཡིན་པའི”ལག་ལེན་གྱི་གཏན་ཚིགས་ར་སྤྲོད་ཐུབ་ཡོད།
ཐོན་ལས་མཉམ་འདྲེས།
གྲོང་གསེབ་ཀྱི་དཔལ་འབྱོར་ཕྱོགས་མང་པོ་ནས་འཕེལ་རྒྱས་བྱུང་བ།
ཆང་ཁྱིམ་གྲོང་ཚོའི“ཕྱོགས་གསུམ་གཞི་གཅིག”གི་རིག་གནས་ཡུལ་སྐོར་བྱེད་སྟངས་མུ་མཐུད་རིམ་པ་སྤར་ཞིང་། ཆང་ཁྱིམ་གྱི་ནས་ཆང“ཐད་གཏོང་ཟོག་ཚོང་དང་དངོས་གཞིའི་ཚོང་ཁང་ཟུང་དུ་འབྲེལ་བའི”ཚོང་ལམ་རྒྱ་ཆེར་བཏང་བ་བརྒྱུད་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་120ལས་བརྒལ་བ་དང་། “ཆང་སྙོལ་བ་དང་སྦྲང་ནོར་བུ་གསོ་སྤེལ་ཟུང་དུ་འབྲེལ་བའི”འཁོར་རྒྱུག་ཐོན་ལས་ལ་ལོར་འབབ་འཕར་སྒོར་ཁྲི་7.5བྱུང་བ། “ཕུན་ཚོགས་ཁང་བཟང”དང་མཉམ་ལས་བྱས་པའི་ཆང་ཁྱིམ་གླིང་ཁ་གཉེར་འགོ་བཙུགས་པ་ནས་ད་བར་ཡུལ་སྐོར་བ་མི་ཐེངས་8000ལྷག་ཙམ་ལ་སྣེ་ལེན་ཞུས་པར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་15བྱུང་ཡོད། རྫོང་ཡོངས་ནས་བལྟས་ཚེ་དོན་མཁར་སྡེ་ཁུལ་གྱིས་བོད་ལུགས་ཀྱི་ལུས་གསོའི་དམངས་སྲོལ་གནས་ཚང་བསྐྲུན་པ་དང་། ཞོལ་པ་གྲོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོས་རྫས་ཚོང་དོན་འཕེལ་རྒྱས་བཏང་བ། ཁྱོན་མ་དངུལ་སྒོར་ཁྲི་5000བཏང་བའི་ཉ་ཚལ་མཉམ་གནས་ཀྱི་གྲངས་འཛིན་ཞིང་ལས་གླིང་གི་གན་རྒྱ་བཞག་པ། “གྲོང་ཚོ་རེར་སྤུས་རྟགས་རེའི”རྣམ་པ་མགྱོགས་མྱུར་གྲུབ་ཡོད། དེ་བས་ཧང་སངས་དགོས་པ་ཞིག་ལ་སྒོར་དུང་ཕྱུར་3བཏང་བའི“ཤ་ཚལ་སྒོང་གསུམ”རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ཚོད་ལྟའི་གཉེར་སྐྱོང་ཁྲོད་སྔོན་དཔག་བྱས་ན་ལོར་སྔོ་ཚལ་རྒྱ་མ་ཁྲི་1000ཐོན་ནས“རིག་གནས་ཡུལ་སྐོར་དང་དེང་རབས་ཞིང་ལས་ཟུང་དུ་འབྲེལ་བའི”ཕན་འབྲས་ལེགས་པོ་ཐོན་པ་རེད།
སྤུས་རྟགས་རིམ་སྤོར།
བོད་ཀྱི་རིག་གནས་འབྱུང་ཁུངས་ཀྱི་ངོ་མཚར་འཛམ་གླིང་དུ་བསྐྱོད་པ།
2025ལོར་ཟླ་4པའི་གླིང་ཁའི་འདུ་ཚོགས་ཀྱིས་མི་1800དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་ནས་ཟླ་9པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོག་རྒྱུད་བཟང་ཕྱུགས་རིགས་དཔྱད་བསྡུར་བྱས་པའི་བར། འཕྱོངས་རྒྱས་རྫོང་གིས་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་ཐེངས་བཅུ་གྲངས་ལྷག་སྤེལ་བ་མ་ཟད། ཡུལ་སྐོར་དཔོད་བདག་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ནས“ཡུལ་སྐོར་འོས་སྦྱོར་དཔོན་ཡག་ཤོས”ཀྱི་འགན་འཁུར་དུ་བཅུག་ཡོད། “ལོ་ངོ་དྲུག་ཅུའི་བོད་འབྱུང་འཕོ་འགྱུར”ཞེས་པའི་སྨྱན་སྦྱོར་གྱི་འཚོལ་བསྡུའི་བྱེད་སྒོ“སྤྲིན་ཚོམ་ནས་འཕྱོངས་རྒྱས་སུ་ཡུལ་སྐོར་བྱེད”ཅེས་པ་བརྒྱུད་ཐད་གཏོང་བྱས་ཏེ། བཙན་པོའི་བང་སོ་སོགས་མཛེས་ལྗོངས་ལ་ལྟ་མཁན་གྱི་དྲ་གྲོགས་ཁྲི་བརྒྱ་ལྷག་ཟིན་ཡོད། ན་ནིང་གི་ལོ་མཇུག་བར་རྫོང་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་ཚད་དུས་མཚུངས་ལས་40%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་800ལས་བརྒལ་ཞིང་། རྒྱལ་སྤྱིའི་ཡུལ་སྐོར་ཚོང་པས“བོད་ཀྱི་རིག་གནས་འབྱུང་ཁུངས་ཉམས་ལེན”གོ་ལ་ཧྲིལ་པོའི་ཡུལ་སྐོར་ལམ་ཐིག་ནང་བཅུག་ཡོད།
བཙན་པོའི་བང་སོ་ལས་འདས་ཟིན་པའི་ལོ་རྒྱུས་མཚོན་བཞིན་ཡོད་ལ། ཆང་ཁྱིམ་གླིང་ཁའི་སྒོར་གཞས་ལས་གསོན་ཤུགས་གསར་པ་མངོན། འཕྱོངས་རྒྱས་ཀྱི་2025ལོའི་ལག་ལེན་དངོས་ལས། ཏང་འཛུགས་སྐྱོང་ཁ་ཕྱོགས་སུ་བྱེད་པ་དང་། རིག་གནས་ལྟེ་བར་བྱེད་པ། ཐོན་ལས་གྲུ་གཡོར་དུ་བྱེད་པ་བཅས་བྱས་ཚེ་ས་མཐོའི་གནའ་གྲོང་གིས་རིག་གནས་ཀྱི་རྩ་བ་སྲུང་སྐྱོང་བྱེད་ཐུབ་ལ“སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ”བཅས་ཀྱི་དར་རྒྱས་ལམ་བུ་དེ་བས་གཏོད་ཐུབ་པར་སླར་ཡང་ར་སྤྲོད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།