དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱི་རྒྱུད་གསར་འབྲི་གཡག་གསོ་སྤེལ་གྱི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི“‘མཐོ་གསུམ་མྱུར་གཅིག’གི་འབྲི་གཡག་གི་རྒྱུད་པ་གསར་པ་གསོ་སྤེལ”རྣམ་གྲངས་ཀྱི་འགོ་ཚུགས་ཚོགས་འདུ་དང་མཐུན་སྦྱོར་མཉམ་འགུལ་ཚོགས་འདུ་ཐེངས་དང་པོ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུ་འཚོགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུ་དེ་ས་མཐོའི་ཁྱད་ལྡན་འབྲོག་ལས་ཚན་རྩལ་གསར་གཏོད་ལ་གཞི་ཚུགས་ནས་རང་ལྗོངས་ཀྱི་འབྲི་གཡག་རྒྱུད་སྤེལ་མ་ལག་འཐུས་སྒོ་ཚང་པོ་མེད་པ་དང་། རྒྱུད་བཟང་མཁོ་སྤྲོད་མི་འདང་བ། གྲུབ་འབྲས་གཞན་སྒྱུར་ཡག་པོ་མི་ཐུབ་པ་སོགས་ཀྱི་ཞན་ཆར་དམིགས་ནས“མཐོ་གསུམ་མྱུར་གཅིག”(སྤུས་ཚད་མཐོ་བ་དང་། ཐོན་ཚད་མཐོ་བ། གཉན་འགོག་མཐོ་བ། བཤས་གཏོང་མྱུར་བ)བཅས་ཀྱི་འབྲི་གཡག་གི་རྒྱུད་པ་གསར་པ་གསོ་སྤེལ་གྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བྱང་ཐང་མཐིལ་གྱི་འབྲི་གཡག་གི་རྒྱུད་བཟང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། འགག་རྩའི་ལག་རྩལ་རབ་དང་རིམ་པ་འགག་སྒྲོལ་བྱས་པ་བརྒྱུད་འབྲི་གཡག་གི་རྒྱུད་པ་གསར་པ་གསོ་སྤེལ་གྱི་རྣམ་གྲངས་ལག་བསྟར་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་འབྲི་གཡག་ཐོན་ལས་སྤུས་འབྲས་ལེགས་གཉེར་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་ལས་རིགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཐོན་ལས་དར་རྒྱས་ལ་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།