དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་གྱིས་ལམ་སྲོལ་གསར་གཏོད་བྱས་ནས་རྣམ་གྲངས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ལམ་སྲོལ་གསར་གཏོད་བྱ་རྒྱུ་ལྟེ་བར་བཟུང་སྟེ་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ནས་རྣམ་གྲངས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”བསལ་ཏེ། རྣམ་གྲངས་སྔ་ཙམ་ནས་འགོ་འཛུགས་པ་དང་། འཛུགས་སྐྲུན་མགྱོགས་པོ་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་ལ་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁྲི་ཁ་ཐོར་དང་མཐུན་སྦྱོར་བྱེད་ཤུགས་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྱིས་ཐིང་རིམ་པའི་འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་གྱི་ལམ་སྲོལ་བཙུགས་ཏེ། ཐིང་རིམ་པའི་འགོ་ཁྲིད་38ཀྱིས་རྣམ་གྲངས་གལ་ཆེན་ཁག་39འགན་གཙང་ལེན་པ་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་དུས་ཚིགས་ཚང་མར་བཀོད་གཏོང་བྱས་ནས་ས་ཆ་བསྡུ་བ་དང་། མ་དངུལ་ཁ་ཐང་བ། ཞིབ་མཆན་འགོད་དཀའ་བ་སོགས་ཀྱི་འགག་གནད་ལ་དམ་པོར་དམིགས་ཏེ། “རྣམ་གྲངས་རེར་ཆེད་དོན་ཚན་ཁག་རེ་དང་། གནད་དོན་རེར་ཇུས་གཞི་རེ”ལག་བསྟར་བྱས་པས། “ཚུགས་གནས་མཐོ་པོས་སྐུལ་འདེད་གཏོང་བ་དང་། གོང་འོག་མཉམ་འགུལ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ”བཅས་ཀྱི་འགག་སྒྲོལ་རྣམ་པ་ཞིག་གྲུབ་ཡོད།

    ཞིབ་མཆན་འགོད་མགྱོགས་སུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཉིན་དེ་རང་ལ་བདག་སྤྲོད་དང་། ཉིན་3ནང་དཔྱད་ཞིབ་ཚར་བ། ཉིན་5ཡི་ནང་སྙན་ཞུ་ཐོན་པ། ཉིན་7གྱི་ནང་བཀའ་མཆན་འགོད་པ་བཅས་ཀྱི“1357”གྱི་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་བཏོན་པར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཁས་ལེན་ཐོབ་པ་དང་འབྲེལ་ཁྱབ་གདལ་ཡང་བཏང་བ་རེད། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྣམ་གྲངས་ཁག་26བདག་སྤྲོད་དང་དཔྱད་ཞིབ་བྱས་པ་དང་། ཞིབ་དཔྱད་བྱ་རྒྱུར་ཕུལ་བའི་དངུལ་འབོར་སྒོར་དུང་ཕྱུར་10.2ཟིན་ཡོད་པ་རེད། རྣམ་གྲངས་11ལ་ཐོག་མའི་འཆར་འགོད་དང་མ་དངུལ་རགས་རྩིས་ཀྱི་བཀའ་མཆན་བཀོད་པ་དང་། དཔྱད་ཞིབ་གཏན་འབེབས་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་3.55ཟིན་པ། མ་དངུལ་ཞིབ་དཔྱད་ཉུང་འཕྲི་བྱེད་ཚད་སྒོར་དུང་ཕྱུར་12.53ཟིན་པ། ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་ཞིབ་དཔྱད་ཉུང་འཕྲི་བྱེད་ཚད་སྒོར་ཁྲི་5300ལྷག་ཙམ་ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།