དབུ་ཤོག>ཞིང་འབྲོག་གསར་པ།
  • རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-06

    གསར་འགོད་པས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་གྱི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་ལས་ལ་སྐུལ་ཁྲིད་དང་། ལས་ཞུགས་ལ་སྐུལ་འདེད། སྲིད་ཇུས་ཀྱི་སྐུལ་འདེད་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་པ་བརྒྱུད་ན་ནིང་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་པ་དེ་དུས་མཚུངས་ལས་7.4%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ནང་བཟུང་བའི་བསྡུར་ཚད་94.8%བར་འཕར་ཏེ་2020ལོ་ལས་བརྒྱ་ཆའི་གྲངས་9.6འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་ཀྱི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་2.3གྱིས་མཐོ་བ་ཡོད་པ་དང་། དེ་སྔ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་ལྡབ་ཡོད་པ་རྒྱུན་མཐུད་ཆུང་དུ་ཕྱིན་ནས་2020ལོའི་ལོ་མཇུག་གི་2.8ནས་2025ལོའི་2.5བར་ཆུང་དུ་ཕྱིན་ཡོད། གླེང་རིན་ཡོད་པ་ཞིག་ནི“ལོ་ལྔ་ཚན་བཅུ་བཞི་པའི”རིང་། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་14.4%ཟིན་པ་དེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་4.7གྱིས་མཐོ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།