དབུ་ཤོག>ཞིང་འབྲོག་གསར་པ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཡིག་ཚགས་གྲངས་འཛིན་ཆ་འཕྲིན་ཅན་གྱི་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-29

    ཉེ་ཆར་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཡིག་ཚགས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། བྲག་ཡིབ་ཆུས་ཀྱི་ཡིག་ཚགས་གྲངས་འཛིན་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱིས་འཛུགས་སྐྲུན་གྱི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཏེ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་བྲག་ཡིབ་ཆུས་ཀྱི་ཡིག་ཚགས་དོ་དམ་གྱི་དེང་རབས་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་སླེབས་པ་མཚོན་ཡོད།

    རྣམ་གྲངས་དེ་2025ལོའི་ཟླ་4པར་སྤྱོད་འགོ་ཚུགས་ཚུན་ཁོངས་གཏོགས་ཀྱི་མཛོད་ཉར་ཡིག་ཚགས་ཚན་པ་61དང་ཡིག་ཚགས(བམ་པོ)ཁྲི་14ཙམ་ལ་བརྒྱུད་རིམ་རང་བཞིན་གྱི་གྲངས་འཛིན་ཅན་གྱི་ལས་སྣོན་བྱས་པས་རིམ་རྩིས་བརྒྱབ་ན་རབ་གསལ་གྲངས་འཛིན་པར་རིས་ཤོག་ལྷེ་ཁྲི་140ལྷག་ཙམ་གྲུབ་པ་དང་གྲུབ་ཆ་ཅན་དང་འཚོལ་བཤེར་ཆོག་པའི་དཀར་ཆག་གི་གྲངས་གཞི་ཁྲི་20ལྷག་ཙམ་ཆགས་ཏེ་མཛོད་ཉར་ཐོན་ཁུངས་གྲངས་འཛིན་ཅན་ཕྱོགས་ཡོངས་ལ་ཁྱབ་ཡོད། རྣམ་གྲངས་དེས་ད་དུང་དུས་མཚུངས་སུ་ཆེད་སྤྱོད་ཞབས་ཞུའི་རྩིས་འཁོར་དང་། གསོག་འཇོག་མ་ལག བཤར་འབེབས་མ་ལག་སོགས་ཀྱི་སྒྲིག་བཀོད་རིམ་སྤོར་བྱས་པ་མ་ཟད། བདེ་འཇགས་ལྡན་ལ་བརྟན་པའི་གྲངས་འཛིན་ཡིག་ཚགས་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱང་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།