ནག་ཆུས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་འདེཌ་སྐྱོར་བྱས་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུཌ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས། རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་བས“བདེ་སྐྱིད་ཀྱི་ལམ་བུ”རེ་རེས་བོད་བྱང་ཐང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིཌ་ན། འདས་ཟིན་པའི་ལོ་གཅིག་ནང་། སྦྲ་ཆེན་རྫོང་གིས་གྲོང་གསེབ་གཞུང་ལམ་ཁག་19བསྐྲུན་པ་དང་ཉེན་ཟམ་སྒྱུར་བཀོད་བྱས་ནས། སྲིད་འཛིན་གྲོང་ཚོར་ཤར་བགྲོད་ཐུབ་ཚད་95%ཡན་ཟིན་ཏེ་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་མདུན་གྲལ་དུ་སླེབས་ཡོད།
སྦྲ་ཆེན་རྫོང་གི་གྲུབ་འབྲས་ནི་ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད། 2025ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་རྣམ་གྲངས་88དུས་བཀག་ལྟར་ལས་མཇུག་འགྲིལ་བ་དང་། འགྲིམ་འགྲུལ་གྱི“ཁྲག་རྩ་ཕྲ་མོ”དེ་དག་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་དང་བསྟུན་ནས། གྲོང་གསེབ་ཀྱི་ལམ་དྲའི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཁྱབ་རྒྱ་ཆེ་རུ་དང་། འབྲེལ་མཐུད་གཏིང་ཟབ། ཞབས་ཞུའི་ཆུ་ཚད་མཐོ་རུ་བཅས་ཕྱིན་ཏེ་གྲོང་གསེབ་དར་རྒྱས་ཡོང་བར་འགྲིམ་འགྲུལ་གྱི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།