དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • རྨོད་གཉའ་གཅོག་པའི་མཛད་སྒོ་འཁྲུག་ཆ་དོད། ཞིང་ལ་འབྲས་བཟང་སྨིན་པའི་རེ་བས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-18

    འདི་ནི་གྲོང་མི་ཚོས་མཛད་སྒོ་འཚོག་པར་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་གྲོང་མི་ཚོས་ཞལ་ཏོག་མཆོད་བཞིན་པ།

    འདི་ནི་གྲོང་མི་ཚོས་བསང་གཏོང་བཞིན་པ།

    བོད་ཀྱི་ལོ་ཐོར་བོད་ཟླ་དང་པོའི་ཚེས་28ཉིན་ཟོར་ཐོང་འཛོམས་པས་རྨོད་གཉའ་གཅག་ན་ལེགས་ཞེས་འཁོད་ཡོད་པས། ཟླ་3ཚེས་16ཉིན་བོད་ཀྱི་ཡུལ་ཀླུང་མང་པོར་ཡངས་པའི་ཞིང་ལ་རེ་བའི་འབྲས་བཟང་སྨིན་པའི་སྨོན་ལམ་དང་བཅས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་གཉའ་གཅོག་གི་འཛད་སྒོ་གཟབ་རྒྱས་འཚོགས་པ་རེད།

    སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྤང་མདའ་གྲོང་ཚོའི་རྨོད་གཉའ་གཅོག་པའི་མཛད་སྒོར་གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་། ལག་ཏུ་གྲོ་སོ་ཕྱེ་མ་དང་། མཆོད་ཆང་སོགས་ཁྱེར་ནས་དགའ་ཚོར་ཆེན་པོས་མཛད་སྒོ་འཚོག་ཡུལ་དུ་གླུ་ལེན་གར་འཁྲབ་བྱས་ཏེ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཆུ་རྟག་ཏུ་ལེགས་པར་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་མཚོན་པར་བྱས་པ་རེད།

    ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་བ་ནས་བཟུང་ང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། སྔོན་ཆད་རྨོན་མཛོ་དོར་དུ་སྦྲེལ་ནས་ཞིང་ལས་བྱེད་པར་ཉིན་ཉི་ཤུ་ཙམ་འགོར་གྱི་ཡོད། ད་ཆ་འཕྲུལ་ཆས་ཅན་ལ་གྱུར་བས་ཉིན་རེ་གཉིས་ནང་ཚར་གྱི་ཡོད། གཞན་ཡང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་འོག་ཞིང་ལས་འཕྲུལ་ཆས་སྤྱད་དེ། ཞིང་ཁ་འདེབས་པ་དང་། བཙས་མ་རྔ་བ། གཡུལ་ཁ་གཏོང་བ་སོགས་བྱེད་ཀྱི་ཡོད་པས། ལས་ཕྱོད་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཞིང་ལས་ཁོ་ནར་མགོ་འཁོར་ནས་སྡོད་མི་དགོས་པར་ཕྱིར་ཡོང་འབབ་གསོག་པར་སྐྱོད་པའི་གོ་སྐབས་འདུག་ཅེས་གྲོང་མི་བཀྲ་ཤིས་ཀྱིས་གསར་འགོད་པར་དགའ་ཚོར་ཆེན་པོས་བརྗོད།

    (གསར་འགོད་པ། ཤེས་རབ་རྡོ་རྗེ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།