དབུ་ཤོག>ཞིང་འབྲོག་གསར་པ།
  • སོན་བཟང་ལས་ཁེ་སྤོགས་སྒོར་ཁྲི་བརྒྱ་བྱུང་བའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-15

    དགུན་ཨ་རང་ད་རང་གི་གྲང་ཟུག་ཆེ་ནའང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་དུ་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས། ཡུལ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ལྕགས་ཐབ་ཀྱི་འགྲམ་དུ་བསྐོར་ཏེ་བོད་ཐུག་རླངས་པ་འཚུབ་འཚུབ་ངང་འཐུང་བཞིན་མཆིས།

    2025ལོའི་ལོ་འཁོར་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའི་རྩིས་ཁྲའི་ཐོག་གི་སྒོར་ཁྲི་185ལས་མི་ཚང་མའི་ངོ་གདོང་ནས་བློ་བདེ་བག་ཕེབས་ཀྱི་འཛུམ་མདངས་ཤིག་མངོན།

    ཁེ་སྨད་སྡེ་ཁུལ་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བར་བརྟེན་ནས་ས་རྒྱུ་གཤིན་པོར་རྩ་བ་ཚུགས་ཏེ་འབྲུ་རིགས་ལ་ཐོན་འཕར་ཡོང་བ་རྒྱུན་འཁྱོངས་བྱས།

    ཁེ་སྨད་སྡེ་ཁུལ་ནི་འཕྱོངས་རྒྱས་ལུང་གཞུང་དང་ཡར་ཀླུང་ལུང་གཞུང་གི་འབྲེལ་མཚམས་སུ་ཆགས་པས་ཡར་ཀླུང་ཆུ་བོ་དང་འཕྱོངས་རྒྱས་ཆུ་བོ་གཉིས་དེ་གར་གཅིག་ཏུ་འདྲེས་ནས་ལོ་ངོ་སྟོང་ཕྲག་རིང་ཡུག་འབྲེལ་གྱི་ས་རྒྱུ་གཤིན་པོ་དེ་ཆགས་ཡོད། ཉི་འོད་ཕོག་ཡུན་རིང་བ་དང་ཆར་ཆུ་འབེལ་ལ་ཁྱད་པར་ཆེ་བའི་ཉིན་མཚན་གྱི་དྲོད་ཚད་ཧེ་བག་བཅས་ལས་ལོ་ཏོག་ལ་འཚོ་བཅུད་འདང་ངེས་བྱུང་ནས་རང་བྱུང་གི་སོན་བཟང་འདེབས་གསོའི་ནོར་གཞོང་ལྟ་བུར་གྱུར་ཡོད།

    དེར་བརྟེན། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རིག་སུའོ་ཡི་ཚོད་ལྟའི་ཞིང་ས་དེར་གཞི་ཚུགས་ནས་བོད་དུ་མཐོང་དཀོན་པའི་ནས་དང་གྲོ་སོགས་ཀྱི་སོན་བཟང་འདེབས་གསོའི་རྟེན་གཞིར་གྱུར་པ་དང་། ཁེ་སྨད་སྡེ་ཁུལ་གྱི་མུའུ་2268ཀྱི་ས་ཞིང་གཤིན་པོ་ཡང་རིམ་པ་དང་པོའི་སོན་ཞིང་དུ་གྱུར་ཡོད། ཁེ་སྨད་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་པད་མ་བདེ་སྐྱིད་ཀྱིས་གསར་འགོད་པར་ཁེ་སྤོགས་མ་བགོས་གོང་སྡེ་ཁུལ་ཡོངས་ཀྱིས་ལྗོངས་ཡོངས་དང་ཐ་ན་མཚོ་སྔོན་སོགས་ལ་སོན་བཟང་རྒྱ་མ་ཁྲི་52.8བཙོངས་ཡོད་ཅེས་བཤད།

    “ང་ཚོའི་ས་བོན་མ་བྲིན་པའི་སེམས་ཁྲལ་མི་འདུག” ཁེ་སྨད་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་སེར་མདོག་ཅན་གྱི་ནས་སྦར་མོ་གང་འཇུས་ནས“དེ་ནི་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རྩལ་སུའོ་ཡིས་འདེབས་གསོ་བྱས་པའི‘བོད་ནས་ཨང་3000’རེད། ལེགས་འདེམས་དང་སོན་ནུས་སླར་གསོ་བྱས་རྗེས་གཉན་འགོག་རང་བཞིན་ཆེ་བ་མ་ཟད། སྤྲི་དཀར་གྱི་འདུས་ཚད་ཀྱང་སྤྱིར་བཏང་གི་ནས་སོན་ལས་ཡག་པ་ཡོད”ཅེས་བཤད།

    འཁྲིས་སུ་ཡོད་པའི་ན་གཞོན་ཚན་རྩལ་ཆེད་བསྐོས་པ་བག་གྲོས་ལོ་20ལྷག་ཙམ་གྱི་གོང་རང་སྐྱོང་ལྗོངས་ཀྱིས་བཙུགས་པའི་འབྲུ་རིགས་ལོ་ཏོག་གི་སོན་བཟང་གསོ་སྤེལ་དང་ཁྱབ་གདལ་གྱི་ཐད་ཀའི་ཁ་གསབ་ལྗོངས་ཡོངས་ཀྱི་རྫོང་63དང་ཞིང་ར་3ལ་ཁྱབ་པའི་ནང་སོན་བཟང་གསོ་སྤེལ་དང་སོན་བཟང་ས་ཞིང་ཁྱབ་གདལ་གཉིས་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར། ཁེ་སྨད་སྡེ་ཁུལ་གྱིས་བོད་ཀྱི་ལྷོ་རྒྱུད་རོང་སའི་ཚན་རྩལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་སོན་བཟང་འདེབས་གསོའི་ལམ་བུར་བསྐྱོད་ཅིང་། ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ལག་རྩལ་ཚོགས་པས་ལོ་འཁོར་མོར་ཁེ་སྨད་སྡེ་ཁུལ་གྱི་ཞིང་ནང་དང་མུ་ཁར་གཞི་ཚུགས་ཏེ་མ་བཏབ་གོང་གི་སོན་འདེམས་དང་འདེབས་རིང་གི་གཡོག་བྱེད་ནས་བཏབ་རྗེས་ཀྱི་ཐུམ་སྒྲིལ་་བར་གྱི་བརྒྱུད་རིམ་ཧྲིལ་པོ་དམར་ཁྲིད་བྱེད་ཀྱི་ཡོད།

    ན་ནིང་ཁེ་སྨད་སྡེ་ཁུལ་གྱི་འགྲམ་དུ་གནས་པའི་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ཚོད་ལྟའི་ཞིང་ནང་དུ་ལྷ་གྲུ་དང་མཉམ་དུ་བར་སྣང་ཐོག་བསྐྱོད་མྱོང་བའི་ས་བོན་ལ་འབྲས་བཟང་ཐེངས་དང་པོ་ཐོབ་ཡོད།

    སྲིད་ཇུས་ཀྱི་ཐ་སྐྱོང་ལས་གྲོང་མིའི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ཞིང་། པ་སངས་ཀྱིས་སྒེའུ་ཁུང་ཕྱི་རོལ་གྱི་ཞིང་ནང་དུ་མཛུབ་མོ་འཛུགས་ཀྱིན“སོན་བཟང་ཉོས་པ་དང་ཞིང་འཕྲུལ་སྤྱད་ན་ཁ་གསབ་ཡོད”ཅེས་བཤད། ལོ་འདི་དག་ནང་། སྲིད་གཞུང་གིས་མ་དངུལ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁར་སྒྱུར་བཀོད་བྱས་པ་མ་ཟད། ད་དུང“ཞིང་དུད་ཀྱི་ས་ཞིང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་དགའི་ཁ་གསབ”ཁྱབ་གདལ་བཏང་ནས། སེམས་ནུས་ཡོད་རྒུས་འབྲུ་རིགས་འདེབས་མཁན་ཞིང་དུད་ལ་དངོས་ཕན་མང་ཙམ་ཐོབ་པར་བྱས་པ་དང་། ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་དང་ཚན་རྩལ་ཆེད་མངགས་པ་ལོ་འཁོར་མོར་ཞིང་ནང་དང་མུ་ཁར་བསྐྱོད་དེ་ལག་རྩལ་གྲོང་མི་ཚོར་ཁྱབ་གདལ་བཏང་ཡོད།

    ཁེ་སྤོགས་བགོ་སར་གྲོང་མི་ཚོགས་ཆུང་གིས་འཐུས་མི་མངགས་ནས་ཁག་གཅིག་གིས་དངུལ་སྨར་གཙང་རྩིས་རྒྱག་པ་དང་ཁག་གཅིག་གིས་དྲན་རྟེན་པར་རྒྱག་བཞིན་འདུག

    “‘གསེར་གྱི་ས་བོན’འདི་དང་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཡོད་པས། སང་ལོ་ང་ཚོར་ཁེ་སྤོགས་དེ་བས་མང་བ་བགོ་ཐུབ་ངེས་རེད”ཅེས་པའི་གྲོང་མིའི་དགའ་སྤྲོའི་དགོད་སྒྲ་ཞིང་ནང་དང་མུ་ཁ་དང་ཡར་ཀླུང་གཙང་པོའི་ངོགས་སུ་གྲགས་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།