དབུ་ཤོག>ཞིང་འབྲོག་གསར་པ།
  • ཤན་རྩ་རྫོང་གི་འབྲོག་པ་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བ།

    ​“གྲོང་ཚོའི་མཚན་ཚོགས”ཀྱི་བདེ་སྐྱིད་རྣམ་པ་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24


    འདི་ནི“གྲོང་ཚོའི་མཚན་ཚོགས”ཐོག་ངོ་མཚར་ཆེ་བའི་གླུ་གར་འཁྲབ་བཞིན་པ།

    ཉེ་ཆར་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་བ་ཚྭ་ཤང་གི་རིག་གནས་ས་ཚིགས་སུ་དགོད་སྒྲ་ལྷང་ལྷང་དུ་གྲགས་ཤིང་། དགའ་སྤྲོའི་སྒོར་གཞས་འཁྲབ་པའི་གོམ་སྟབས་དང་བསྟུན་ནས་གསར་གཏོད་ལྡན་པའི“གྲོང་ཚོའི་མཚན་ཚོགས”ཤིག་དེ་གར་འགོ་ཚུགས། གར་སྟེགས་ཀྱི་གཤམ་དུ་འབྲོག་པ་མང་ཚོགས་800ལྷག་ཙམ་མཉམ་དུ་འཛོམས་ནས་དགའ་བསུ་དང་དགའ་འབོད་ཀྱི་སྒྲ་ལང་ལོང་དུ་གྲགས། དེ་ནི་དཔྱིད་གསར་བསུ་བའི་རིག་རྩལ་འདུ་འཛོམས་ཤིག་ཡིན་པ་མ་ཟད། ཤན་རྩ་རྫོང་གིས“གྲོང་ཚོའི་མཚན་ཚོགས”སྒྲོག་ཐག་ཏུ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི“སྒྲོག་འགྲེལ་པ་བརྒྱ་ཡིས་རིག་གནས་ས་ཚིགས་ཁྲི་རུ་བསྐྱོད་ནས་སྒྲོག་འགྲེལ་ཆིག་སྟོང་སྤེལ་བའི”ཤེས་དཔལ་ལག་ལེན་གྱི་དཔེ་སྟོན་སྒྲོག་འགྲེལ་དང་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”སོགས་ཀྱི་རིམ་སྤེལ་བྱེད་སྒོ་འབྲོག་ཁུལ་དུ་སྤེལ་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་རེད།

    ཡུལ་དེ་གའི་རིག་རྩལ་དགའ་མོས་པས་དང་བླངས་པ་ཚོ་དང་མཉམ་དུ་གར་སྟེགས་གཅིག་གི་ཐོག་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་འགྱུར་གྱིས་ཕྱུག་པའི་གླུ་གར་དང་དམངས་སྲོལ་སོགས་རིག་རྩལ་འཁྲབ་སྟོན་བྱས་ནས་ཤན་རྩ་རྫོང་གི་འབྲོག་པ་མང་ཚོགས་ཀྱི་ངར་སེམས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    གར་སྟེགས་ཀྱི་གཤམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཤེས་དཔལ་སྲོལ་གསར་གྱི་ས་བོན་ཡང་འདེབས་བཞིན་མཆིས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི“མང་ཚོགས་ཀྱིས་རེ་ཞུ་འདོན་པ་དང་། ལྟེ་གནས་ཀྱིས་ལས་བགོས་རྒྱག་པ། དང་བླངས་པས་ལས་དོན་སྒྲུབ་པ། མང་ཚོགས་ཀྱིས་གདེང་འཇོག་བྱེད་པ”བཅས་ཀྱི་ལམ་སྲོལ་ལ་བརྟེན་ནས་དང་བླངས་པས《ནག་ཆུ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་འདེད་སྲོལ་ཡིག》ལ་དམིགས་ཏེ་ཤེས་དཔལ་འགྲིམ་འགྲུལ་དང་། ཤེས་དཔལ་དྲ་ཞུགས། ཤེས་དཔལ་གསོལ་ལྕོག་སོགས་ཀྱི་འཚོ་བའི་རྣམ་པ་དང་ཟུང་འབྲེལ་གྱིས་འབེན་གཏད་སྒྲོག་འགྲེལ་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་གྱི་དཔྱད་གཞིའི་ཡིག་རིགས་800ལྷག་ཙམ་དང་སྤྱོད་སྒོ་ཆེ་བའི་དྲིལ་བསྒྲགས་དངོས་རྫས་300ལྷག་ཙམ་སྤྲད་པ་དང་དང་བླངས་པས་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་མི་ཐེངས་30ལྷག་ཙམ་གྱི་དོགས་གནད་ལ་ལན་བཏབ་ཡོད།

    དེ་ཉིན། སྨན་བཅོས་དང་བླངས་ཞབས་ཞུའི་རུ་ཁག་གིས་བྱེད་སྒོ་སྤེལ་ཡུལ་དུ་ཆེད་དོན་ཞབས་ཞུའི་ཁུལ་བཙུགས་ནས་ས་མཐོའི་མང་ཚོགས་ཀྱི་རྒྱུན་མཐོང་གི་བདེ་ཐང་གནད་དོན་ལ་དམིགས་ཏེ། རིན་མེད་ཀྱི་ཁྲག་ཤེད་འཇལ་བ་དང་། སྙིང་དང་གློ་བར་བརྟག་དཔྱད་བྱེད་པ། གཅོང་ནད་བློ་འདྲི་བྱེད་པ། བོད་ལུགས་དང་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་སོགས་ཕྱོགས་ཡོངས་ཀྱི་བདེ་ཐང་ཞབས་འདེགས་ཞུས་པས་མང་ཚོགས་མི་ཐེངས་300ལྷག་ཙམ་ལ་ཕན་པ་ཐོབ་པ་དང་རིན་ཐང་སྒོར་2548རི་བའི་རྒྱ་སྨན་དང་བོད་སྨན་སྣ་ཁ་72སྤྲད་པས་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།