དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • བོད་ཀྱི་སྦྲང་རྩི་ཤང་ཀང་དུ་ཐོག་མར་ཕྱིར་གཏོང་བྱས་པ།

    ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་ར་སླར་ཡང་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    ཉེ་ཆར། ལྗིད་ཚད་སྤྱི་རྒྱ་1737ཡོད་པའི་བོད་ཀྱི་སྦྲང་རྩི་ཉིང་ཁྲི་ནས་ཤང་ཀང་དུ་གཏོང་འགོ་ཚུགས་ཤིང་། དེ་ནི་བོད་ཀྱི་སྦྲང་རྩི་ཤང་ཀང་དུ་ཕྱིར་གཏོང་བྱེད་ཐེངས་དང་པོ་ཡིན་པ་དང་།“བོད་ལྗོངས་རྟགས་ཅན”གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཐད་ཐོན་རྫས་གསར་པ་ཞིག་བསྣན་པ་མཚོན་གྱི་ཡོད།

    “ང་ཚོས་རིག་ནུས་འགག་སྒོའི‘ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང’གི་སྦྲེལ་མཐུད་རྣམ་པ་བཏོད་པར་བརྟེན་ནས‘འཕྲལ་དུ་ཐོ་འགོད་དང་། ཞིབ་བཤེར། ཆོག་འཐུས’བཅས་ཀྱི་སྟབས་བདེའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཞིབ་བཤེར་སྙན་ཞུའི་དུས་ཚོད་ཉུང་དུ་ཤུགས་ཆེན་བཏང་བ་ལས། ས་མཐོའི་སྦྲང་རྩི་སྤུས་ཀ་ཡག་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་ཤང་ཀང་དུ་འབྱོར་བ་བྱེད་ཀྱི་ཡོད། ཞིང་པ་ཕྱུག་འགྱུར་ཡོང་བར་རམ་འདེགས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི‘བྱ་གཞག་ཡག་པོ’དེས་ཤང་ཀང་གི་སྤུན་ཟླར་ཡང་དམིགས་བསལ་གྱི་ས་མཐོའི་ཞིམ་ཟས་ཀྱི་བྲོ་བ་མྱོང་ཐུབ་པ་བྱེད་ཀྱི་ཡོད”ཅེས་ཉིང་ཁྲི་འགག་སྒོའི་ཀོན་ཀྲང་ཝང་ཚུན་རུའེ་ཡིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།