དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ཉེ་ཆར། གསར་འགོད་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ལས་དོན་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རིམ་རྩིས་བརྒྱབ་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱིས་རིམ་ཁག་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་121.15བཏང་སྟེ་རྣམ་གྲངས་1116ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་120.6བཏང་ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དང་། ཞིང་ནང་ཆུ་བེད། འཕྲིན་གཏོང་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་པའི་གནས་འཕྲོད་དཔེ་སྟོན་གྲོང་ཚོ་86འཛུགས་གཏོད་བྱས་པ་བརྒྱུད། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་པོ་བསྐྱར་ལོག་ལ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུ་འཐུས་སྒོ་ཚང་དུ་བཏང་བ་དང་། ལམ་ལུགས་ཀྱི་ཡིག་ཆ་གཙོ་བོ་བཞི་བཏོན་པ། དབུལ་པོ་བསྐྱར་ལོག་ལ་སྔོན་འགོག་བྱེད་པའི་ཆེད་དོན་རོགས་སྐྱོབ་མ་དངུལ་གཏན་འཁེལ་བྱས་པ། གཞི་རིམ་ལས་བྱེད་པས་རྒྱུན་རྣམ་ཅན་གྱི་བརྟག་དཔྱད་དང་ལས་རིགས་སྡེ་ཚན་གྱིས་སྔོན་ཚུད་ཉེན་བརྡ་བཏང་བ་སོགས་ཀྱི་བྱ་ཐབས་བརྒྱུད་དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་། དབུལ་པོ་ཆགས་སླ་བའི་ཁྱིམ་ཚང་། དཀའ་ངལ་ཤིན་ཏུ་ཆེ་བའི་དུད་ཚང་བཅས་845ཡི་མི་2850གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས་ཡོད། ལྟ་ཞིབ་ཚད་ལེན་བྱ་ཡུལ་མི་འདྲ་བར་དམིགས་ནས“1+N”རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ངལ་ནུས་ཡོད་པ་་སྔོན་ལ་ལས་ཞུགས་བྱེད་པ་དང་། ནད་གཞི་ཕོག་པ་དང་ངལ་ནུས་མེད་པའི་རིགས་ལ་མ་མཐའི་འཚོ་བ་འགན་ལེན་གྱིས་ཐ་སྐྱོང་དང་སྨན་བཅོས་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རིམ་རྩིས་བརྒྱབ་ན་དུད་ཚང་521གི་མི་1806གི་དཀའ་ངལ་བསལ་བ་དང་། ད་ཡོད་ཀྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་324ཡི་མི་1044ཚང་མར་རོགས་སྐྱོར་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།