དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བསམ་མཁར་གྲོང་ཚོས་རིག་ནུས་རང་རྟེན་རླངས་འཁོར་བཀྲུ་སའི་ཐོན་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-20

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་བསམ་མཁར་གྲོང་ཚོའི་རླངས་འཁོར་བཀྲུ་ས་ལས་གཉེར་བྱེད་འགོ་ཚུཌ་པའི་རྟེན་འབྲེལ་པར་ཞིག་གྲོང་ཚོའི“གྲོགས་ཚོགས”སུ་བསྐུར་བར་ལྟ་མཁན་མང་པོ་བྱུང་སྟེ། ཡུལ་མི་ཚོས་གླེང་མང་བའི་གསར་འགྱུར་ཞིག་ལ་གྱུར་ཡོད།

    ད་ལོའི་ཟླ་11པའི་ཟླ་འགོར་བསམ་མཁར་གྲོང་ཚོས་ལྷོ་ཁ་གྲོང་ཁྱེར་དུ་རིག་ནུས་རང་རྟེན་རླངས་འཁོར་བཀྲུ་ས་ཞིག་བཙུཌ་ཤིང་། གཉེར་སྐྱོང་ཚོད་ལྟ་ཟླ་བ་དྲུག་བྱེད་རིང་། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ནས་བསམ་མཁར་གྲོང་ཚོའི“ས་སྒྲོལ་དཔལ་འབྱོར”གྱི་རྣམ་གྲངས་ཐོག་མར་གྱུར།

    2024ལོར་ཤང་ཏང་ཨུད་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སྒྲིག་འཛུཌ་བྱས་ཏེ། ཝུའུ་ཧན་དང་ལྷ་སར་རྟོག་ཞིབ་དང་སློབ་སྦྱོང་ལ་སྐྱོད་སྐབས། “ས་སྒྲོལ་དཔལ་འབྱོར”ཞེས་པའི་ཐ་སྙད་ལ་རྒྱུས་མངའ་བྱུང་ཞིང་། ས་སྒྲོལ་དཔལ་འབྱོར་ཐོན་ལས་ཀྱིས་སྲིད་འཛིན་ཁུལ་དབྱེའི་ཚད་བཀག་གཏོར་ཏེ་མཉམ་ལས་ཕྱོགས་ཁག་གི་ས་ཞིང་དང་། མ་དངུལ། ལག་རྩལ། སྲིད་ཇུས་སོགས་ཐོན་ཁུངས་ས་ཁོངས་ལས་བསྒྲལ་ནས་བསྡུ་སྒྲིལ་གྱིས། ས་གནས་གཉིས་པོར་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་འཕེལ་རྒྱས་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་ཀྱི་ཡོད།

    རྟོག་ཞིབ་བརྒྱུད་བྱུང་བའི་ཉམས་མྱོང་ལ་བརྟེན་ཏེ་བསམ་མཁར་གྲོང་ཚོས་གྲོང་ཚོའི་ཁྱབ་ཁོངས་ནས་དོན་ཏེ་གྲོང་ཁུལ་དུ་གཞི་ཚུཌ་ནས“ས་སྒྲོལ་དཔལ་འབྱོར”འཕེལ་རྒྱས་བཏང་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་མ་དངུལ་ལ་བརྟེན་ནས། བསམ་མཁར་གྲོང་ཚོས་ཆུ་ཚོད24ཡི་རིག་ནུས་རང་རྟེན་རླངས་འཁོར་འཁྲུད་ཆས་ཁག་གཅིག་ནང་འདྲེན་བྱས་པ་རེད། སྒྲིག་ཆས་དེར་ཆུ་དང་ལྦུ་བ་གཏོར་བ་དང་ ཐལ་རྡུལ་འཇིབ་པའི་བྱེད་ནུས་གཅིག་ཏུ་འདུས་ཡོད་པ་མ་ཟད། གོང་ཚད་ཀྱང་སྲོལ་རྒྱུན་གྱི་རླངས་འཁོར་བཀྲུ་ས་ལས་ཕྱེད་ཀས་དམའ་བ་ཡོད་པ་རེད། རྣམ་གྲངས་དེ་དོན་འཁྱོལ་ཐུབ་ནས་ཡུན་རིང་མ་སོང་བར་རྒྱ་ཆེའི་ཁ་ལོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།

    གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར། ཁྲོམ་རའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། བསམ་མཁར་གྲོང་ཚོས་གྲོང་ཁུལ་དང་། ཤང་གྲོང་། ཁྲོམ་གཞུང་། སྡེ་ཁུལ། གྲོང་ཁྱེར་ཐད་གཏོགས་ཚན་པ་སོགས་ཀྱི་གནས་12ལ་སྒྲིག་ཆས་18བཙུགས་པར་སྔོན་དཔག་བྱས་ན་ཟླ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད། “ང་ཚོས་ད་དུང་ཞབས་ཞུའི་རྣམ་གྲངས་མང་དུ་གཏོང་རྒྱུ་མ་ཟད། སྒྲིག་ཆས་ཀྱི་ཟུར་དུ་དམངས་ཕན་ཞབས་ཞུའི་སྒམ་བཙུཌ་ནས་ཚོང་སྔར་བས་ཡག་པོ་ཡོང་བར་བྱེད་རྩིས་ཡོད”ཅེས་བསམ་མཁར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བག་གྲོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།