དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྙན་རོང་རྫོང་ཁྲོ་གཞུང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས།

    བསམ་བློ་རྙིང་པར་འགྱུར་ལྡོག་བཏང་ནས་འབྲོག་ཁུལ་ལ་འཕེལ་རྒྱས་གསར་པ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    “མང་ཚོགས་ཀྱི་གདོང་ནས་འཛུམ་མདངས་དེ་བས་འཕྱུར་བ་དང་། གྱོན་གོས་དེ་བས་གསར་པ་གྱོན་རྒྱུ་བྱུང་བ། འཚོ་བ་དེ་བས་འབྱོར་ཕྱུག་ཆགས་པ་མ་ཟད། ད་དུང་ང་ཚོའི་གྲོང་སྡོད་ལས་ཀ་ཡང་དེ་བས་དོན་སྙིང་ལྡན་པར་གྱུར་ཡོད”ཅེས་སྙན་རོང་རྫོང་སང་ལུང་ཤང་ཁྲོ་གཞུང་གྲོང་ཚོའི་ཧྲུའུ་ཅི་དང་པོས་བརྗོད། འདི་ལོའི་ཟླ་5པར་གྲོང་སྡོད་བརྗེ་རེས་བྱས་ཚུན་དུ། ཁྲོ་གཞུང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་འབྲེལ་བྱས་པའི་ཁར། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རྣམས་སེམས་ནང་བཞག་ཅིང་། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་དང་གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ཟླ་5པ་ནས་ཟླ་10པའི་ཟླ་སྟོད་བར་དུ་ཁྲོ་གཞུང་གྲོང་ཚོའི་ཕྱོགས་ཁག་གི་ཁེ་བཟང་སྒོར་ཁྲི་229ཟིན་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6358ཙམ་འཕར་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གིས་འགན་ནུས་དོན་སྤེལ་གང་ལེགས་དང་རང་ངོས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ། ཡུལ་མིར་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུའི་སྐུལ་ཁྲིད་བྱས་པ་དང་། བསམ་བློ་རྙིང་པར་འགྱུར་ལྡོག་བཏང་ནས་འཕེལ་རྒྱས་གསར་པ་ཡོང་བར་བྱ་རྒྱུའི་ཁྲིད་སྟོན་བྱས་པ། ཁྲོ་གཞུང་གྲོང་ཚོའི་ཡུལ་མི་རྣམ་གྲངས་དང་ཞོར་ལས་ལ་ཞུགས་པ་དང་རང་བརྟེན་ལས་ཞུགས་བྱེད་པར་གཞོགས་འདེགས་བྱས་ནས་ཚང་མའི་ཕྱུག་འགྱུར་གྱི་སྒུལ་ཤུགས་ཇེ་ཆེར་བཏང་ཡོད། མིག་སྔའི་བར། མི་40ལྷག་ཙམ་ལ་ལས་ཞུགས་བྱ་རྒྱུའི་སྐུལ་ཁྲིད་བྱས་པ་དང་ཟླ་5པ་ནས་ཟླ་10པའི་ཟླ་སྟོད་བར་དུ་ལས་ཞུགས་ཐུབ་པའི་ཞིང་འབྲོག་པའི་ཡོང་འབབ་སྒོར་ཁྲི་220ཟིན་ཡོད། གཞན་ཡང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔོ་ཚལ་གྱི་དྲོད་ཁང་ཉམས་གསོ་བྱེད་པ་དང་འབྲོག་པས་རང་འདེབས་བྱ་རྒྱུ་ཁྱབ་གདལ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ས་མཐོའི་སྔོ་ཚལ་དྲོད་ཁང་གི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལམ་བུ་སྔར་བས་བཤངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།