དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ས་མཐོའི་ཁྱད་ལྡན་ཐོན་རྫས་གཏོད། བཟའ་བཅའ་གསར་པ་སྐྱེད་སྲིང་བྱས།

    སོག་རྫོང་གཟི་སྟེངས་ཁ་གྲོང་ཚོས་ཞིང་ཞོར་ཐོན་རྫས་ཐོན་ལས་ཅན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    དྲོ་འཇམ་ཉི་འོད་འོག་ནག་ཆུ་གྲོང་ཁྱེར་སོག་རྫོང་ཧྲོག་རྟ་ཤང་གཟི་སྟེངས་ཁ་གྲོང་ཚོའི་སྐལ་བཟང་བཀྲ་ཤིས་ཁྱིམ་གྱི་སྒོ་རའི་ནང་ཉུང་མ་སྐམ་ནས་འདུག་ལ། གྱང་གི་འགྲམ་དུ་ཉུང་མ་བླུགས་པའི་རྩྭ་རས་མང་པོ་ཞིག་བཞག་འདུག

    སྐལ་བཟང་བཀྲ་ཤིས་ཀྱིས་ཉུང་མའི་ལོ་མ་སྐམ་པོ་བསྣུར་བཞིན“ད་ཆ་ཉུང་མ་ང་ཚོའི་འབབ་ཁུངས་གཙོ་བོར་གྱུར་པ་དང་ཤོག་སྒམ་གཅིག་ལ་སྒོར་49རག་གི་འདུག ལོ་གཅིག་ལ་ཉུང་མ་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་15ལྷག་ཙམ་རག་གི་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

    ཉུང་མ་ནི་མཚོ་བོད་ས་མཐོའི་བཟའ་བཅའ་དང་སྨན་རྩྭའི་ཁོངས་སུ་གཏོགས་པའི་སྐྱེ་དངོས་ཤིག་ཡིན། སོག་རྫོང་དུ་ཉུང་མ་ནི་ས་གནས་དེ་གའི་མེད་དུ་མི་རུང་བའི་ཞིམ་ཟས་ཀྱི་གྲས་ཤིག་ཡིན་པ་དང་། རྒྱུན་དུ་ཞིང་འབྲོག་པས་ལུག་ཤ་དང་ཉུང་མ་རྡོག་བཙོས་རྒྱག་པ་དང་། ཡང་ལ་ལས་ཉུང་མའི་མོག་མོག་བཟོ་གི་ཡོད་པས་བྲོ་བ་ཧ་ཅང་ཞིམ་པོ་ཡོད།

    “སྔོན་མ་ཞིང་ཁའི་ནང་བཏབ་པའི་ཉུང་མ་བཟས་མ་ཚར་ན་ཕྱུགས་ལ་སྟེར་གྱི་ཡོད” ཉུང་མ་ཁྱད་ལྡན་ཐོན་ཟོག་ལ་འགྱུར་ཆེད། སྐལ་བཟང་བཀྲ་ཤིས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་བསྲིངས་པའི་གནའ་བོའི་བཟོ་རྩལ་གྱི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་བྱེད་ཐབས་གསར་གཏོད་བྱས་ཤིང་། སྐལ་བཟང་བཀྲ་ཤིས་ཀྱིས་ཉུང་མ“ཉི་སྐམ་དང་། ཆུ་མིག་གིས་ཆུས་བཀྲུ་བ། བཙོས་པ། ལྷེབ་གཏུབ། ཞིབ་མོ་བཟོ་བ། ཡང་ཉི་སྐམ་གཏོང་བ”བཅས་བྱས་ཏེ། རོ་བཅུད་ལྡན་པའི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱས་པར་བརྟེན་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བཟའ་བཅའི་ཐོན་རྫས་གསར་པར་སྣེ་ཁྲིད་ཐུབ་ཡོད་ཅེས་བརྗོད།

    སོག་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག སྐལ་བཟང་བཀྲ་ཤིས་ཀྱི་བུས་སློབ་ཆེན་སློབ་མའི་ལས་གཏོད་སྲིད་ཇུས་ལ་བརྟེན་ནས་བོད་ལྗོངས་སོག་རྫོང་གཟི་སྟེངས་ཁ་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་ཤིང་། ཀུང་སིས་ཉུང་མ་དང་། སེ་པན་ཕྱེ་མ། རི་ཙོང་སོགས་ས་གནས་དེ་གའི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་གཉེར་སྐྱོང་བྱས་ཏེ“ཀུང་སི་དང་ཞིང་དུད”མཉམ་ལས་ཀྱི་ཕྱིར་ཚོང་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་དེ་བས་མང་བར་འབབ་འཕར་ཡོང་བར་བྱས་ཡོད། ད་ཆ། ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད་ལ། ད་དུང་དྲ་བ་བརྒྱུད་རྒྱལ་ཡོངས་སུ་འཚོང་བཞིན་ཡོད་པས་ཟླ་རེའི་ཕྱིར་ཚོང་གྲངས་འབོར་བརྟན་པོའི་ངང་འཕར་བཞིན་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོ་སྐལ་བཟང་བཀྲ་ཤིས་ཀྱིས་གྲོང་ཚོ་ཡོངས་ནས་སྒོར་ཁྲི་བཅུ་རི་བའི་ཉུང་མ་སོས་པ་རྒྱ་མ་ཁྲི་3དང་ཉུང་མ་སྐམ་པོ་རྒྱ་མ་ཁྲི་1ཉོས་པས་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།