དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མི་སེམས་དྲོ་བའི་གཏམ་རྒྱུད་གསུམ། བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག

    བོད་ཀྱི་རྒན་བཀུར་གཏམ་རྒྱུད་ཁག་གསུམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    འདི་ནི་ཚེ་བརྟན་ནོར་བུས་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་ནང་ནད་རྟགས་འདྲི་བཞིན་པ།

    འདི་ནི་སྐལ་བཟང་བཀྲ་ཤིས་ཀྱིས་རྒན་རྒོན་སྐལ་ལགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

    “གཉེན་བརྩེ་རྒན་བཀུར་གྱི་སྤྱོད་བཟང་དར་སྤེལ་བཏང་ནས་རྒན་རྒོན་གྱི་མཛེས་མཐུན་སྤྱི་ཚོགས་ཐུན་མོང་ཐོག་བསྐྲུན་རྒྱུ”ནི་དྲོ་སྐྱིད་ཉི་འོད་ལྟར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་ཁྱབ་ཡོད་པ་རེད།

    གྲོང་གསེབ་ཏུ་འོས་འགན་སྨན་བཅོས་ཐེངས་50ཙམ་བྱས་པའི་བདེ་ཐང་གི་ཁས་ལེན།

    བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་འཇུ་བྱེད་མ་ལག་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་ཚེ་བརྟན་ནོར་བུས་ལོ་18རིང་འོས་འགན་སྨན་བཅོས་ཀྱི་སྨན་སྒམ་ཁྱེར་ནས་གངས་ལྗོངས་ས་མཐོར་སྨན་བཅོས་བྱེད་པར་བསྐྱོད་ཡོད།

    2007ལོར་ལས་ཀར་ཞུགས་རྗེས་ཚེ་བརྟན་ནོར་བུས་སྨན་ཁང་གི་འབོད་སྐུལ་རང་འགུལ་ངང་དང་ལེན་ཧུར་ཐག་བྱས་ཏེ། དུས་ཆེན་དང་ངལ་གསོའི་རིང་མངའ་རིས་དང་ནག་ཆུ་སོགས་ཐག་རིང་ས་ཁུལ་དུ་འོས་འགན་སྨན་བཅོས་ལ་བསྐྱོད་ཡོད། “ས་ཆ་དེ་དག་ལམ་ཐག་རིང་ལ་ལྷག་པར་དུ་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་རྣམས་ནད་གཞི་ལྟ་བར་དཀའ་ངལ་ཆེན་པོ་ཡོད། ང་ཚོས་ཁོང་ཚོའི་ནད་གཞི་ཡང་དུ་གཏོང་རྒྱུ་ནི་འོས་འགན་སྨན་བཅོས་ཀྱི་དོན་སྙིང་རེད”གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱེད་པར་ཐེངས་50ལྷག་ཙམ་བསྐྱོད་པ་ལས་ཁོང་གིས་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ཉེ་དུས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གི་སྒོ་ར་དང་། དགའ་ལྡན་ཆོས་འཁོར་གྲོང་རྡལ་གླང་ཐང་གྲོང་ཚོའི་འཕྲོད་བསྟེན་ཁང་། ལྕང་ར་ཤར་ཤང་ལྕང་ར་ཤར་གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་སུ་སྤེལ་ཡོད། ཚེ་བརྟན་ནོར་བུས་སྨན་བཅོས་བྱེད་པར་ཡོང་མཁན་མང་ཚོགས་ཁྲོད་70%ནི་རྒན་རྒོན་ཡིན་པས་ཁྲག་ཤེད་མཐོ་བ་དེ་ཁོང་ཚོའི་མངོན་གསལ་དོད་པའི་གནད་དོན་དུ་གྱུར་པ་ཤེས། ལོ་40ལྷག་ཙམ་ལ་སླེབས་པའི་སྒྲོལ་མའི་ཁྲག་ཤེད་མཐོ་གནོན་དེ་200mmHgལས་བརྒལ་ནས་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད། ཚེ་བརྟན་ནོར་བུས་ཁོང་གི་འཚོ་བའི་གོམས་གཤིས་སྐོར་སྐད་ཆ་ཞིབ་ཕྲ་དྲིས་རྗེས། ཁོང་རྒྱུན་དུ་ཆུ་འཐུང་རྒྱུར་དགའ་པོ་མེད་པ་མ་ཟད། ད་དུང་ཚྭ་མཐོ་བའི་ཟས་རིགས་བཟའ་རྒྱུར་དགའ་པོ་ཡོད་པ་ཤེས་རྗེས། ཁོང་ལ་དུས་རྒྱུན་ཆུ་མང་ཙམ་འཐུང་བ་དང་། ཞག་ཚིལ་ཉུང་ཙམ་བཟས་ཏེ་སྔ་ཉལ་སྔ་ལངས་བྱེད་དགོས་རིགས་བཤད།

    སེམས་འགུལ་ཐེབས་འོས་པ་ཞིག་ལ། ཡུན་རིང་མ་སོང་བར་སྒྲོལ་མས་ཇ་བསྲུབས་མ་ཁྱེར་ནས“སྨན་པ་ལགས། ཁྱེད་རང་སྐུ་ལས་ཁག་སོང་། གསོལ་ཇ་མཆོད་དང”ཞེས་བཤད། ཚེ་བརྟན་ནོར་བུས་དྲོ་སྐྱིད་ལྡན་པའི་གནས་ཚུལ་དེ་རིགས་འོས་འགན་སྨན་བཅོས་བྱེད་རིང་རྒྱུན་དུ་འཕྲད་པའི་རྣམ་པ་ཞིག་རེད། “ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་མོད། འོན་ཀྱང་མང་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུ་སྐབས་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག”ཅེས་བཤད།

    ལོ་གསུམ་རིང་མཚམས་མ་ཆད་པའི་རྒྱུན་ཟས།

    ཞོགས་པའི་ཚེ་སྨོན་གླིང་སྡེ་ཁུལ་ནི་ཧ་ཅང་ཁུ་སིམ་པོ་ཞིག་འདུག ལོ་48ལ་སླེབས་པའི་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་སྐལ་བཟང་བཀྲ་ཤིས་ཀྱིས་ཚོས་ལོག་པའི་པང་རས་ཤིག་དཀྲིས་ནས་ཐབ་ཚང་དུ་ལས་ཀ་བྱེད་བཞིན་འདུག ཨན་བརྡར་ཐོག་ཚོས་མ་ཐག་པའི་ཚགས་ཤའི་མོག་མོག་བཞག་ནས་ཚལ་སླང་ནང་པད་ཚལ་བརྔོ་བཞིན་འདུག འདི་ནི་ལོ་84ལ་སླེབས་པའི་ཁེར་སྡོད་རྒན་རྒོན་སྐལ་ལགས་ཀྱི་ཞོགས་ཟས་ཡིན་ལ། སྐལ་བཟང་བཀྲ་ཤིས་ཀྱིས་ལོ་གསུམ་རིང་མཚམས་འཇོག་མྱོང་མེད་པའི་ལས་ཀ་ཡང་ཡིན་པ་རེད།

    2022ལོར། རྐང་པ་ཞ་འཁུམས་ཆགས་པའི་རྒན་རྒོན་སྐལ་ལགས་སྡེ་ཁུལ་དེར་སྤོས་ཤིང་། སྐལ་བཟང་བཀྲ་ཤིས་ཁོང་གི་སར་ཐེངས་དང་པོ་བསྐྱོད་སྐབས། རྒན་རྒོན་ཁོང་གིས་དང་བླངས་པས་བསྐྱལ་བའི་ལྟོ་ཆས་ལ་ལྟ་བཞིན་ཆབ་མདོའི་སྐད་ཀྱི་ཐོག་ནས“ཚགས་ཤའི་མོག་མོག་ཅིག་ཟ་འདོད་བྱུང”ཞེས་བཤད་པ་ཐོས་པས། ཉིན་དེའི་ཕྱི་དྲོར། སྐལ་བཟང་བཀྲ་ཤིས་ཀྱིས་ཚགས་ཤ་སོས་པ་ཉོས་རྗེས་རྒན་རྒོན་ཁོང་ལ་བཟོ་སྟངས་དྲིས་ནས་ཆབ་མདོའི་བྲོ་ལྡན་ཤ་མོག་བཟོས་པ་རེད།

    དུས་དེ་ནས་བཟུང་། སྐལ་བཟང་བཀྲ་ཤིས་ལ་ལས་ཀ་ཞིག་མང་དུ་ཕྱིན་པ་སྟེ། ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་པར་རྒན་རྒོན་ཁོང་ལ་ཞོགས་ཟས་སྟེར་བ་དང་། ཉིན་གུང་སྡེ་ཁུལ་གྱི་ལས་ཀ་ཚར་རྗེས་སླར་ཡང་རྒན་རྒོན་གྱི་ཁྱིམ་དུ་ལོག་ནས་ཁོང་ལ་གུང་ཟས་གྲ་སྒྲིག་བྱེད་ཀྱི་ཡོད། ཆམ་པ་ཚབས་ཆེན་ཕོག་ནས་ཚ་བ་ཏུའུ་39བརྒྱབ་ཀྱང་སྔར་བཞིན་ཐོ་རེངས་ནས་མོག་མོག་གྲ་སྒྲིག་བྱས་ཏེ་ཆུང་མ་སྐྱེལ་ལ་བར་གཏོང་གི་ཡོད།

    “དེ་ནི་ཞོར་དུ་བཟོས་པ་ཙམ་ཡིན་པས་སྐྱོན་མི་འདུག”ཅེས་སྐལ་བཟང་བཀྲ་ཤིས་ཀྱིས་རྟག་ཏུ་དེ་ལྟར་བཤད་ཀྱི་ཡོད། ཡིན་ན་ཡང་ཞོར་དུ་བཟོས་པའི་ཟ་མ་དེས་རེ་ས་བརྟེན་ས་མེད་པའི་རྒན་རྒོན་ཞིག་ལ་སླར་ཡང་ཁྱིམ་གྱི་བྲོ་བ་མྱོང་ཚོར་ཐུབ་ཡོད།

    སྟོད་གོས་དམར་པོའི་དམངས་ཕན་འབྲེལ་ཟམ།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་ནང་དྲིལ་བསྒྲགས་ཁོའོ་ཡི་ལན་ཆིང་ཡུས་ཀྱིས་གྱོན་པའི་དང་བླངས་པའི་སྟོད་གོས་དམར་པོ་དེ་མངོན་གསལ་ཤིན་ཏུ་དོད། སྨན་ཁང་གི་དང་བླངས་ཞབས་ཞུའི་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་རིག་ནུས་ལག་ཐོགས་ཁ་པར་བེད་སྤྱོད་ཡག་པོ་བྱེད་མི་ཤེས་པའི་ནད་པ་རྒན་རྒོན་དང་རོགས་རམ་བྱེད་དགོས་པའི་ནད་པ་ཚོར་དུས་ཐོག་ཏུ་ཡིག་ཚགས་བཟོ་བ་དང་། ཨང་ཀི་བཀག་པ། སྨན་རིན་སྤྲོད་པ། བརྟག་དཔྱད་འབྲས་བུ་ལེན་པ་སོགས་ཀྱི་ཞབས་འདེགས་ཧུར་ཐག་ཞུ་ཡི་ཡོད་པ་རེད།

    “རྨོ་ལགས། ཁྱེད་རང་རྒན་རྒོན་གྱི་སྐར་ཁུང་ནས‘རྒན་རྒོན་སྔོན་གཏོང’ཞེས་བྲིས་པའི་བྱང་བུ་དེ་ལེན་གནང་དང་། ངས་ཁྱེད་ལ་རོགས་པ་བྱས་ཆོག”ཅེས་ལན་ཆིང་ཡུས་ཀྱིས་ངང་རྒྱུད་རིང་པོའི་སྒོ་ནས་དེ་ལྟར་ཤོད་ཀྱིན་ལོ་70ལ་སླེབས་པའི་རྒན་མོ་དེ་སྐྱོར་ནས་ཞབས་ཞུའི་སྐར་ཁུང་གི་མདུན་དུ་བསྐྱོད། དེ་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཉེ་བའི་ལོ་ཤས་རིང་ཁྱབ་གདལ་བཏང་བའི་རྒན་རྒོན་ལ་ཐུགས་ཁུར་བྱེད་པའི་སྨན་བཅོས་ཞབས་ཞུའི་མཚོན་ཚུལ་ཞིག་རེད།

    ཞིབ་ཚགས་པའི་ལན་ཆིང་ཡུས་ཀྱིས་རྒན་རྒོན་མང་པོ་ཞིག་གིས་གྲངས་འཛིན་གྱི་གནད་དོན་མི་ཤེས་པ་མ་ཟད། ད་དུང་རམ་འདེགས་རིག་ནུས་འཕྲུལ་ཆས་སྤྱོད་ཤེས་ཀྱི་མེད་པ་ཤེས་རྟོགས་བྱུང་བ་རེད། “ཁོ་ཚོས་དཔར་འདེབས་འཕྲུལ་ཆས་སྤྱོད་མི་ཤེས་པར་དངངས་སྐྲག་ཆེན་པོ་བྱེད་པ་མཐོང་སྐབས་སེམས་གཏིང་ནས་ཁོང་ཚོར་རོགས་རམ་བྱེད་འདོད་འདུག”ཅེས་བཤད། དེའི་ཕྱིར། ཁོང་གིས་རྒྱུན་དུ་རང་འགུལ་ངང་འཕྲུལ་ཆས་དེ་དག་གི་འགྲམ་དུ་བསྡད་ནས་རྒན་རྒོན་ཚོར་རོགས་པ་ཧུར་ཐག་བྱེད་ཀྱི་ཡོད། རྒན་རྒོན་ཚོས་ཀྱང་ཁོང་ལ“ཐུགས་རྗེ་ཆེ”ཞེས་ཡང་ཡང་བརྗོད་ཀྱི་ཡོད།

    སྒུལ་བདེའི་གཏོང་སྤྲོད་དར་ཁྱབ་ཆེ་བའི་དུས་རབས་འདིར་ལན་ཆིང་ཡུས་དང་དང་བླངས་པ་ཚོས་རྟག་ཏུ་འཕྲུལ་ཆས་སྤྱོད་མི་ཤེས་པའི་ནད་པར་ཨང་ཀི་བཀག་ནས་དངུལ་སྤྲོད་རོགས་བྱེད་ཀྱི་ཡོད། ཁོང་གིས“དངུལ་གྲངས་མང་པོ་མ་རེད། འོན་ཀྱང་ཁོང་ཚོ་སྨན་བཅོས་བདེ་བླག་ཐུབ་པ་མཐོང་དུས་དངོས་གནས་བློ་བདེ་པོ་འདུག གནས་ཚུལ་དེ་འདྲ་ང་ཚོ་དང་བླངས་ཞབས་ཞུའི་རུ་ཁག་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།