དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ས་མཐོའི་འབྲོག་པས་སྔོ་ཚལ་ལོངས་སྤྱོད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧོ་ཅན་མིང་།   |     སྤེལ་དུས།  2025-12-10

    བོད་ལྗོངས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོར་འཛུལ་སྐབས་དྲོད་གཤེར་གྱི་རླངས་པ་དེ་མུར་ཚོར་ཞིང་། སྔོ་ཚལ་ཧྲང་ཧའེ་ཆིང་དང་ལ་ཕུག་སོགས་ཀྱི་སྐྱེ་འཚར་ཤིན་ཏུ་ལེགས།

    བྲག་རྩ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བུ་ཨ་ནན་གྱིས “ཐོག་མར་ང་ཚོས་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་བེད་མེད་དུ་བཞག་ན་ཕངས་པོ་རེད་འདུག་སྙམ་ཏེ་སྔོ་ཚལ་བཏབ་པ་ཡིན། བསམ་ཡུལ་ལས་འདས་པར་སྐྱེ་འཚར་ཡག་པོ་བྱུང”ཞེས་བཤད།

    བྲག་རྩ་གྲོང་ཚོ་ནི་མི་རབས་ནས་མི་རབས་བར་ཕྱུགས་འཚོར་བརྟེན་ནས་འཚོ་བ་སྐྱེལ་བའི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་། 2016ལོར་འགྱིག་ཤོག་དྲོད་ཁང་ཆེ་མོ་6བསྐྲུན་མོད། འོན་ཀྱང་ཡུལ་མི་ཚོར་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་མི་འདང་བའི་དབང་གིས་སུས་ཀྱང་དོ་སྣང་མི་བྱེད་པའི“ས་སྟོང”དུ་གྱུར་ཡོད། ཡུལ་མི་ཚོས་སྔོ་ཚལ་སོས་པ་བཟས་བསམ་ན་ལ་ཀླུང་བརྒལ་ཏེ་རྫོང་གྲོང་དུ་ཉོ་བར་འགྲོ་དགོས་ཀྱི་ཡོད།

    “ཐོན་ཁུངས་འདི་འདྲ་བེད་མེད་དུ་གཏོང་མི་རུང”ད་ལོའི་ཟླ་བ་ལྔ་པར་བྲག་རྩ་གྲོང་ཚོར་ཐོག་མར་སླེབས་པའི་བུ་ཨ་ནན་དང་རུ་མི་ཚོས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ་མཐར་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་ཉམས་གསོ་བྱེད་པ་ནས་འགོ་ཚུགས་ཏེ་མི་དམངས་ཀྱི་སེམས་ཁྲལ་སེལ་རྒྱུའི་ཐག་བཅད། ཁོང་ཚོས་མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་སུ་ཐེངས་མང་སྐྱོད་ནས་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བོད་སྐྱོར་ལག་རྩལ་པ་བདེ་བླག་ངང་གདན་དྲངས།

    འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ས་བབ་སྨི་4600ཟིན་པའི་ས་ཞིང་དང་འགྲན་རྩོད་ཅིག་བྱེད་འགོ་ཚུགས། ཐོག་མར་འདེབས་འཛུགས་བྱེད་སྐབས་དཀའ་ངལ་མང་པོ་འཕྲད། བུ་ཨ་ནན་དང་རུ་མིས་ཡིད་ཐང་མ་ཆད་པར་ལག་རྩལ་པ་དང་མཉམ་དུ་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་དུ་བསྡད་ནས་ས་རྒྱུའི་གཤིན་ཚད་འཇལ་བ་དང་དྲོད་ཚད་སྙོམ་སྒྲིག་བྱས་ཏེ་སྔོ་ཚལ་མྱུ་གུ་ཚང་མར་གཡོག་བྱེད་ཚགས་ཚུད་བྱས།

    དཀའ་ལས་བརྒྱབ་ན་འབྲས་བུ་ཐོབ་ངེས་ཡིན། ཟླ་བ་ཁ་ཤས་རིང་འདེབས་གསོ་ཚགས་ཚུད་བྱས་པ་བརྒྱུད། བྲག་རྩ་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེ་མོར་ལོ་ལེགས་ཐེངས་དང་པོ་བྱུང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བློ་བཟང་མཁས་གྲུབ་ཀྱིས“ང་ཚོས་འཐུམ་སྒྲིལ་བརྒྱབ་ཟིན་པའི་སྔོ་ཚལ་དག་ཡུལ་མི་ཚོར་བགོ་བཤའ་བརྒྱབ་སྐབས་ཕྲུ་གུ་ཚོས་སྔོ་ཚལ་མཐོང་དུས་དགའ་ཚོར་ཆེན་པོས་འཐུམ་སྒྲིལ་ལ་སྐོར་བ་རྒྱག་པ་མ་ཟད། ད་དུང་ཡ་མཚན་ཆེན་པོས་སྔོ་ཚལ་དག་གི་མིང་འདྲི་ཡི་འདུག”ཅེས་བཤད།

    ཟིན་དེབ་ཐོག་གི་བསྡོམས་རྩིས་གྲངས་གཞིར་བལྟས་ན། སྔོ་ཚལ་ཧྲང་ཧའེ་ཆིང་དང་། སོ་ལོ་སྔོན་པོ། ལ་ཕུག་སོགས་ཚལ་སྣ་8ཐེངས་གསུམ་འཐུ་རྒྱུ་བྱུང་བ་དང་། ཐོན་འབབ་བསྡོབས་འབོར་ཏུན་1.1ཟིན་པར་རིན་ཐང་སྒོར་8000ལྷག་ཙམ་ཟིན་ཡོད་པ་སོགས་བུ་ཨ་ནན་གྱིས་སྔོ་ཚལ་འདེབས་འཛུགས་བྱས་ན་ཡག་པོ་ཡོད་པ་ཤེས།

    བེད་མེད་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པའི་བརྒྱུད་རིམ་ཁྲོད་ཡུལ་མི་ཚོའི་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཡོད། བྲག་རྩ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་དོན་གྲུབ་ཀྱིས“ཚང་མས་བཏབ་པ་ནི་སྔོ་ཚལ་ཙམ་མ་ཡིན་པར། དེ་བས་ང་ཚོའི་གྲོང་ཚོའི་རེ་བ་གསར་པ་དང་འཚོ་བ་གསར་པ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།