དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • སྣ་དཀར་རྩེ་རྫོང་གིས་ས་བབ་ཧ་ཅང་མཐོ་བའི་ཁུལ་གྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    ཉེ་དུས། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྣ་དཀར་རྩེ་རྫོང་གིས་ཕུ་མ་བྱང་ཐང་ཤང་གི་གྲོང་ཚོ་6དང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོའི་ས་བབ་ཧ་ཅང་མཐོ་བའི་ཁུལ་གྱི་ལོ་50ནས་ལོ་59བར་གྱི་མང་ཚོགས་ལ་རྒན་གསོའི་ཐོབ་ཐང་སྔ་སྣུར་དུ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཕུ་མ་བྱང་ཐང་ཤང་གི་ཆ་སྙོམས་ས་བབ་སྨི་5373ཟིན་པ་དང་། ལོ་གཅིག་ནང་ཟླ་བ་དགུ་དགུན་ཁ་ཡིན་པ། ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7བཅས་ཟིན་ཞིང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། ད་ཕན་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་རིམ་པ་དེ་གའི་ནོར་སྲིད་སྤྱི་འདོམས་བྱེད་པ་དང་། ཕུ་མ་བྱང་ཐང་ཤང་གི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་མི་རེའི་ཆ་སྙོམས་ཚེ་ཚད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཕུ་མ་བྱང་ཐང་ཤང་གི་གྲོང་ཚོ་6དང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོའི་ལོ་50ནས་ལོ་59བར་གྱི་མང་ཚོགས་ལ་རྒན་གསོའི་དངུལ་གྱི་ཐོབ་ཐང་སྔ་སྣུར་དུ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་མ་དངུལ་སྒོར་ཁྲི་28.12སྤྲད་ཡོད། དེ་དང་ཆབས་ཅིག ས་བབ་མཐོ་བའི་གྲོང་གསེབ་ཀྱི་རྨང་གཞིའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས། སྣ་དཀར་རྩེ་རྫོང་གིས་རིགས་ཁག་གི་མ་དངུལ་སྒོར་ཁྲི་800སྤྱི་འདོམས་བྱས་ཏེ། ཕུ་མ་བྱང་ཐང་གི་ས་བབ་ཧ་ཅང་མཐོ་བའི་གྲོང་ཚོའི་ཡུལ་མིར་གསོ་རླུང་ཡོངས་ཁྱབ་རྣམ་གྲངས་ལག་བསྟར་བྱས་པས། ཤང་ཡོངས་ཀྱི་རྒྱུན་སྡོད་མང་ཚོགས་ཀྱི་ཁྱིམ་ཚང་252ལ་ཡོངས་ཁྱབ་རྣམ་པའི་གསོ་རླུང་སྒྲིག་ཆས་བསྒར་ཡོད། རང་སྐྱོང་ལྗོངས་ཀྱི་ས་བབ་སྨི་5000ཡན་གྱི་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་གྲོང་མིའི་སྡོད་ཁང་གི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པའི་རྣམ་གྲངས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། ས་བབ་ཧ་ཅང་མཐོ་བའི་གྲོང་ལྷན་5ཡི་ཁྱིམ་ཚང་ལ་ཐར་ཐོར་རྣམ་པའི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཆུ་ཚོད་24ཡི་རིང་མ་གནས་དམའ་པོས་འཁོར་སྐྱོད་མངོན་འགྱུར་བྱུང་ཡོད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2.8བཏང་ནས་ཕུ་མ་བྱང་ཐང་ཤང་གི་སྲིད་འཛིན་གྲོང་ཚོ་ཚང་མའི་གཞུང་ལམ་ཤར་གཏོང་ཐུབ་སྟེ། ཤང་ཡོངས་ཀྱི་འགྲིམ་འགྲུལ་མ་ལམ་གཙོ་བོར་ཨར་འདམ་ལམ་བཏིངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།