དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྦྲག་སྐུར་ཟོག་འགྲུལ་གྱི“མཐའ་མའི་འགག་གནད”བསལ་བ།

    གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་577ལ་སྦྲག་སྐུར་ཞབས་ཞུ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-09

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྒོ་དབྱེ་དམངས་ཕན་དང་། ལེགས་བསྡུས་མཉམ་སྤྱོད། བདེ་འཇགས་ཕན་ཆེ། ཕྱོགས་གཉིས་ཤར་བགྲོད”བཅས་ཀྱི་གྲོང་གསེབ་ཀྱི་སྦྲག་སྐུར་ཟོག་འགྲུལ་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་577དང་། སློབ་གྲྭ་467 ལྷོ་ཁར་བཅའ་སྡོད་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་26བཅས་ལ་སྦྲག་སྐུར་ཞབས་ཞུ་ཁྱབ་པར་བྱས་ཡོད།

    རྒྱ་ཆེའི་མང་ཚོགས་ཚོའི་སྦྲག་ཐོག་མྱུར་སྐྱེལ་གྱི་དཀའ་ངལ་ཐག་གཅོད་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས“གྲོང་ཚོ་རེར་ས་ཚིགས་རེའི”འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་སྦྲག་སྐུར་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་ཞིང་། མིག་སྔར། གྲོང་ཁྱེར་ཡོངས་སུ“ཡོད་པ་དགུའི”ཚད་གཞི་ལྟར་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་701དང་། “ཚིགས་གཅིག་ནུས་མང”རྣམ་པའི་སྦྲག་སྐུར་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་91བསྐྲུན་པས། “གནས་གཅིག་ནུས་མང་དང་། ཚིགས་མང་འགྲིལ་གཅིག ནུས་པ་ལེགས་བསྡུས། སྟབས་བདེ་ཕན་ཆེ”བཅས་ཀྱི་ཞབས་ཞུའི་ཕྱོགས་བསྡུས་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།