དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • “ལོ་ལྔ་ཚན་བཅུ་བཞི”ཚུན་དུ་རང་ལྗོངས་ཀྱི་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-04

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི”ཚུན་དུ། རང་ལྗོངས་ཀྱི་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ལྗོངས་ཡོངས་ཀྱི་ཕྱུགས་རིགས་བཤས་གཏོང་དང་ཤ་དཀར་ཆུའི་ཐོན་འབབ་སོགས་ཆེས་ཆེར་འཕར་བ་དང་། མི་རེས་ཆ་སྙོམས་བཟུང་བའི་ཚགས་ཤ་ལུག་ཤ་དང་དཀར་ཆུའི་ཐོན་རྫས་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སླེབས་ཡོད།

    “ལོ་ལྔ་ཚན་བཅུ་བཞི”ཚུན་དུ། རང་ལྗོངས་ཀྱིས“འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེ”བཅས་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས་འབྲོག་ལས་ཀྱི་རྩེ་རིམ་ཇུས་འགོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་འབྲོག་ལས་དར་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་བཏོན་ནས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཐོན་ལས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད། “གཟན་རྩྭ་གཙོ་བཟུང་དང་རྩྭ་ལས་སྔོན་ལ་འཕེལ་རྒྱས་གཏོང་བ”མཐའ་འཁྱོངས་བྱས་ཏེ། མི་ཐབས་རྩྭ་འདེབས་རྒྱུན་མཐུད་ཤུགས་ཆེར་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི”ཡི་རིང་མ་དངུལ་སྒོར་དུང་ཕྱུར་12ལྷག་ཙམ་དོན་འཁྱོལ་བྱས་ནས་གཟན་རྩྭ་ཡུག་སྦྲེལ་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་58ལྷག་ཙམ་བསྐྲུན་པ་མ་ཟད།

    ལོ་ལྟར་གཟན་རྩྭ་བསྐྱར་འདེབས་དང་ཁང་པའི་རྒྱབ་མདུན་དུ་རྩྭ་འདེབས་ཁྱོན་མུའུ་ཁྲི་45ཡན་ཟིན་པ་དང་། འབྲུ་རིགས་གཟན་ཆག་ཏུ་བསྒྱུར་བའི་རྣམ་གྲངས་མུའུ་ཁྲི་12ཡན་ཟིན་ནས་སྤུས་ལེགས་གཟན་རྩྭ་མཁོ་སྤྲོད་བྱེད་ནུས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་སྐྱོང་ཐད་དེ་མཚུངས་ཀྱི་ནུས་པ་བཟང་པོ་ཐོན་པ་དང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁ་གསབ་མ་དངུལ་སྒོར་ཁྲི་8000བཀོད་སྒྲིག་བྱས་ཏེ་བ་གླང་གི་རྒྱུད་པ་ལེགས་བཅོས་དང་། འབྲི་གཡག་དང་ལུག་གི་རྒྱུད་བཟང་ཁྱབ་སྤེལ་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)5530ཡི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་སྤེལ་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལེགས་གྲུབ་བྱུང་བ་དང་འབྲེལ། 2025ལོར་འཇོ་མདའི་འབྲི་གཡག་དང་སྐེད་ལག་གི་འབྲི་གཡག་རྒྱལ་ཁབ་རིམ་པའི་རྒྱུད་སྤེལ་ཐོན་ཁུངས་ཀྱི་མིང་ཐོར་གྲུབ་འབྲས་ཐོབ་པའི་ངང་བཅུག་ཡོད། འབྲོང་ཚ་དང་ས་མཐོའི་རྒྱུད་བཟང་བཞོན་མའི་རིགས་རྒྱུད་གསར་པ་གསོ་སྤེལ་ལས་དོན་ལའང་སྐུལ་འདེད་ཧུར་ཐག་བཏང་ཡོད། གཞན་ཡང་། ནོར་སྲིད་ཀྱི་ཁ་གསབ་ལ་བརྟེན་ནས་ཕྱུགས་རིགས་ཀྱི་གྲུབ་ཆ་ལེགས་གཏོང་ལེགས་སྒྲིག་ལ་ཁྲིད་སྟོན་བྱས་ཏེ། ལོ་ལྟར་ཕྱུགས་རིགས་ཕྱིར་ཚོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་7500བཀོད་སྒྲིག་བྱས་པ་དང་། 2025ལོར་ནོར་ལུག་རྒྱུད་སྤེལ་གྱི་ཁ་གསབ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།