དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྱད་ལྡན་སྲིད་ཇུས་བཏོན་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡོད་པའི་གཞིས་རྩེ་ཤར་ཕྱོགས་ཉི་ཤར་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སི་ནི་ནུས་རྒྱུ་གཙང་མའི་ཕྱོགས་བསྡུས་བེད་སྤྱོད་ལ་གཞོལ་ཞིང་། ཇུས་འགོད་དང་། ཐོན་སྐྱེད། བཟོ་སྐྲུན། བདག་སྐྱོང་བཅས་ཕྱོཌ་བཞི་གཞི་གཅིག་ཏུ་བསྡུས་པའི་ཉི་ནུས་དྲོད་འདོན་ལས་སྟེགས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཡན་ལག་ཅུས་དང་པོས་ཁེ་ལས་དེའི་ཚ་གཏོང་དྲོད་འདོན་གྱི་རང་ངོས་ཀྱི་ལས་རིགས་ཁྱད་ཆོས་དང་། གཉེར་སྐྱོང་གནས་ཚུལ། འཕེལ་རྒྱས་ཁ་ཕྱོགས་སོགས་ལ་གཞིགས་ནས་ཁེ་ལས་དེར་རྣམ་གྲངས་ཀྱི་དུས་འགོའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་བྱས་ནས་གཉེར་སྐྱོང་བརྒྱུད་རིམ་ཁྲོད་ཀྱི་ཁྲལ་འཇལ་ཞུ་འབུལ་མཛུབ་ཁྲིད་སོགས་ཚུད་པའི་ཕྱོགས་ཡོངས་ཀྱི་ཁྲལ་དོན་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་དེས་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་གང་ལེགས་ཐུབ་ནས། ལྗང་མདོག་ཚ་ནུས་ལག་རྩལ་གསར་གཏོད་དང་ཁྲོམ་ར་རྒྱ་སྐྱེད་ལས་དོན་ལ་གཞོལ་ཐུབ་པར་འགན་ལེན་བྱས་པ་རེད།

    དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་དེ་ཁྲལ་བསྡུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ཀྱི་རེ་འདུན་དང་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་སྲིད་ཇུས་ཀྱི་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་དང་ཁྲལ་གྲོན་ཞབས་ཞུའི་སྤུས་ཕན་ལེགས་སུ་བཏང་བ་དང་ཆབས་ཅིག གྲངས་གཞི་ཆེན་མོ་བེད་སྤྱོད་གང་ལེགས་བྱས་ཏེ་བསྡུ་འཇལ་མཉམ་འགུལ་ལས་སྟེཌ་དང་གློག་རྡུལ་ཁྲལ་དོན་ཅུས་ལ་བརྟེན་ནས་ཁེ་ལས་ཁག་ལ་རང་སོའི་ཁྱད་ཆོས་ལྡན་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཐད་ཀར་ལོངས་སུ་སྤྱོད་ཐུབ་པ་དང་དོན་འཁྱོལ་གནད་སྨིན་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཁོངས་གཏོགས་ཀྱི་ཁེ་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ་རེད།

    རུའེ་པོ་སྐྱེ་ཁམས་གླིང་ནི་ཞིམ་ཟས་དང་རོལ་རྩེད་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་སྤྲོ་གསེང་སྐྱེ་ཁམས་གླིང་ཁ་ཆེ་གྲས་ཤིག་ཡིན་ཞིང་། གཞིས་རྩེ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་8ཡས་མས་ཡོད། སྐྱེ་ཁམས་གླིང་འཛུགས་སྐྲུན་བྱེད་རིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཁྲལ་དོན་ཅུས་ཀྱི་ལས་དོན་པས་དུས་བཀག་ལྟར་ཁྲལ་གྲོན་སྲིད་ཇུས་འགྲེལ་བཤད་དང་ཁྲལ་འཇལ་ཞུ་འབུལ་ཟུར་ཁྲིད་བྱས་པ་རེད། “ཁྱོད་ཀྱིས་ལྟོས་དང་། གློག་རྡུལ་ཁྲལ་དོན་ཅུས་ནས་ང་ཚོའི་ཀུང་སིས་ལོངས་སྤྱོད་ཆོག་པའི་གནས་ཐང་འཕར་ཁྲལ་དང་མི་སྒེར་གྱི་ཐོབ་ཁྲལ་སོགས་སྲིད་ཇུས་ཀྱི་དྲན་སྐུལ་བརྡ་ཐོ་ལྟ་ཐུབ་ཀྱི་འདུག” “ཁྲལ་དོན་སྡེ་ཚན་གྱིས་སྲིད་ཇུས་སྐོར་གྱི་བརྡ་ཐོ་གཏོང་གི་ཡོད་པས། ང་ཚོས་ཁྲལ་བསྡུའི་སྲིད་ཇུས་གསར་ཤོས་ལ་རྒྱུས་ལོན་སྔར་བས་ཡག་པོ་བྱེད་ཐུབ། ད་ཆ། འབྱུང་འགྱུར་འཕེལ་རྒྱས་འགྲོ་བར་ང་ཚོར་ཡིད་ཆེས་སྔར་བས་བརྟན་པོ་ཡོད”ཅེས་རུའེ་པོ་སྐྱེ་ཁམས་གླིང་གི་འབྲེལ་ཡོད་འགན་འཁུར་བས་བཤད།

    གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་བསྡུའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཁག་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རམ་འདེགས་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།