སྒེར་རྩེ་རྫོང་གིས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཉེ་ཆར། མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་དང་བོད་ལྗོངས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྣམ་གྲངས་རེ་ཞུ་དང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་སྐོར་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་བྱེད་རིང་། རིགས་གཅིག་མཁས་ཅན་ཚོས《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་མ་དངུལ་རྣམ་གྲངས་གྲབས་གསོག་མཛོད་ཀྱི་མཛོད་འཇུག་ཕྱོགས་སྟོན(2025ལོ)》ཡིག་ཆའི་དགོངས་དོན་ལ་གསལ་འགྲེལ་བརྒྱབ་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྣམ་གྲངས་རྒྱབ་སྐྱོར་ཁ་ཕྱོགས་དང་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་
སོགས་ཀྱི་གཙོ་གནད་ལ་དམིགས་ཏེ། ལས་སྒོའི་གསོ་སྦྱོང་བྱས་ནས་སྡེ་ཚན་ཁག་གིས་སྒེར་རྩེ་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་རྣམ་གྲངས་རེ་ཞུ་དང་ལག་བསྟར་དོན་འཁྱོལ་ལ་ཁྲིད་སྟོན་བྱས་པ་དང་ཆབས་ཅིག རིགས་གཅིག་མཁས་ཅན་གྱིས་སྒེར་རྩེ་རྫོང་གི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་དང་ལྗང་མདོག་གཏེར་ལས་འཕེལ་རྒྱས་
སོགས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་ནས་འཛུགས་སྐྲུན་གྱི་ཐབས་ལམ་ལ་དབྱེ་ཞིབ་བྱས་པ་དང་འབྲེལ་འཕེལ་རྒྱས་ཀྱི་གྲོས་འགོ་ཡང་བཏོན་པ་རེད།
གསོ་སྦྱོང་ལ་ཞུགས་མཁན་གྱིས་སྦགས་བཙོག་འགོག་བཅོས་དང་། ལྟ་ཞིབ་ཚད་ལེན་དང་ལྟ་འདོམས། འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ལ་དམིགས་ཏེ། ཁུལ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱོན་ཡོངས་ཀྱི་རྣམ་གྲངས་གཏན་འཁེལ་ལ་སྐུལ་འདེད་གཏོང་བ་དང་རྣམ་གྲངས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། སྐྱེ་
ཁམས་ཉམས་གསོ་དང་སྲུང་སྐྱོང་རིན་ཐང་གཅིག་གྱུར་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ནས། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་གྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།