དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • ཧོ་པེའི་རིགས་གཅིག་མཁས་ཅན་གྱིས་བསྟི་ཡག་ཏུ་མང་ཚོགས་ལ་འབྲས་ཤིང་འདེབས་པའི་ལག་རྩལ་བསླབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ནགས་ལས་ཅུས་ཀྱི་བོད་སྐྱོད་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་ཆུང་དང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་པས་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་བསྐྱོད་ནས་དུས་ཡུན་ཉིན་3གྱི་འབྲས་ཤིང་སྤུས་ལེགས་ཀྱི་ཐོན་ལེགས་དོ་དམ་ལག་རྩལ་གསོ་སྦྱོང་གི་བྱེད་སྒོ་སྤེལ་ཡོད། འདི་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ནགས་ལས་ཅུས་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་དང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་ཞིང་ལས་ལག་རྩལ་པས་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་ས་གནས་དེ་གའི་ཡུལ་མིར་འབྲས་ཤིང་ལ་འབྲས་བུ་ཡག་པོ་བཏགས་ཐབས་ཀྱི་ལག་རྩལ་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།