དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • སྣ་དཀར་རྩེ་རྫོང་གིས་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་ཞིབ་བཤེར་རྩིས་ལེན་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

     སྣ་དཀར་རྩེ་རྫོང་གིས་ཉིན་ཤས་བསྟུད་མར་2025ལོའི་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྤེལ་ཞིང་། ཟླ་8པའི་བར་ཤང(གྲོང་རྡལ)10དང་གྲོང་ཚོ་23གྱི་དུད་ཚང་248ཀྱིས་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་ཚད་ལོན་ཡོད་པ་རེད། ཚད་གཞིར་ནན་པོར་གཞིགས་ནས་སྒྱུར་བཀོད་བྱས་པ་དག་ལེགས་གྲུབ་ཐུབ་པ་དང་ལེགས་གྲུབ་ཐུབ་པ་དག་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་རྩིས་ལེན་ལས་དོན་དེ“ཡོད་པ་དྲུག་དང་། མེད་པ་ལྔ། བེད་སྤྱོད་བཞི། གཙང་སེལ་གསུམ། ཆེན་པོ་གཉིས། མངོན་འགྱུར་གཅིག”བཅས་ཀྱི་ལྟེ་བའི་ཚད་གཞི་ལྟར་སྤེལ་ཞིང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་དུད་ཚང་རེ་རེ་བཞིན་སྐར་མ་བརྒྱབ་པ་བརྒྱུད། འཁྱགས་འགོག་བྱ་ཐབས་དང་ལུད་རྫིང་གཙང་སེལ་སྒྲིག་བཀོད་འཁོར་རྒྱུག་བྱེད་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་མ་ཟད། ད་དུང་ཅ་ལག་ཙག་ཙིག་ཕུང་གསོག་བརྒྱབ་པ་དང་གཙང་སྦྲའི་ཚད་གཞི་ལོན་མེད་པ་སོགས་ལ་ས་གནས་ས་ཐོག་ཏུ་དུས་བཀག་ལྟར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།

    དེས་མ་ཚད་ད་དུང་སྣ་དཀར་རྩེ་རྫོང་གིས་དུས་གཅིག་ཏུ་ལྷུན་པོ་ཞོལ་ཤང་དང་མངར་བྲག་ཤང་གི་ཚོད་ལྟའི་ས་ཚིགས་སུ་གྲོང་ཚོ་ཧྲིལ་པོ་སྒྱུར་བཀོད་དང་སྣོད་བཅུད་བཅོས་སྐྱོང་ཟུང་འབྲེལ་བྱེད་སྟངས་ལག་ལེན་བསྟར་བ་སྟེ། ལྷུན་པོ་ཞོལ་ཤང་དུ་ལོ་མཇུག་ཏུ་གཙང་སྦྲའི་ཁུལ་ཁྱབ་ཚད་100%ཟིན་པ་བྱ་རྒྱུ་དང་། དྲེལ་བཏགས་ཁ་གྲོང་ཚོས་གསང་སྤྱོད་སྒྱུར་བཀོད་དང་བཙོག་ཆུ་གཤོང་ལམ་འཛུགས་སྐྲུན་གཉིས་ཟུང་འབྲེལ་བྱས་ཏེ་དུད་ཚང་39ལ་གཅིག་སྡུད་གཙང་སེལ་མ་ལག་ཏུ་མཐུད་ཐུབ་པ་བྱ་རྒྱུ། མངར་བྲག་ཤང་གི་གྲོང་ཚོ་10ཚང་མར་གསང་སྤྱོད་ཡོངས་སུ་ཁྱབ་པར་བྱས་པ་དང་གྲོང་སྲོལ་དམངས་ཆིངས་དང་སྐར་གསོག་བརྗེ་རེས་ཟུང་འབྲེལ་གྱི་ལམ་ལུགས་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།