དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱད་ལྡན་ཐོན་ལས་དོན་དུ་གཉེར། འབབ་འཕར་ཕྱུག་འགྱུར་ལམ་བཟང་བསྙེགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཚད་བརྒལ་སར་བྱས་ནས། སྲོལ་རྒྱུན་གྱི་སྔོ་ཚལ་ཐོན་ལས་བརྟན་དུ་བཏང་ཁར། སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཤང་གྲོང་གི་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི“འཁོས་ཆུང་དང་། ཐར་ཐོར། ཉམས་ཞན”སོགས་ཀྱི་གནད་དོན་ལ་དམིགས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད”ཀྱི་རྣམ་པ་གསར་པ་བཏོད་པ་དང་། སྔོན་ཆད་མི་སྒེར་སོ་སོས་ཐོན་སྐྱེད་བྱེད་པ་ནས་ད་ཆ་ཐོན་ཁུངས་མཉམ་སྤྱོད་དང་རུབ་འདུས་འཕེལ་རྒྱས་གཏོང་བའི་བར་པ་སྣམ་རྫོང་གི་སྔོ་ཚལ་ཐོན་སྐྱེད་ལག་རྩལ་དེ་བས་ལེགས་སུ་ཕྱིན་ཏེ་ཐོན་ལས་ཀྱི་མཉམ་འབྲེལ་གསར་གཏོད་སྔར་བས་འཐུས་སྒོ་ཚང་དུ་དང་བྲིན་ཚོང་བྱེད་རྒྱ་ཟམ་མི་ཆད་པར་རྒྱ་སྐྱེད་ཐུབ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཆ་རྫོང་ཡོངས་སུ་ཤིང་ཏོག་དང་སྔོ་ཚལ་མཉམ་ལས་ཁང་17དང་། འགྱིག་ཤོག་སྔོ་ཚལ་དྲོད་ཁང་ཆེན་པོ་2000ལྷག་ཙམ་ཡོད་ཅིང་། ན་ནིང་ཤིང་ཏོག་དང་སྔོ་ཚལ་གྱི་འདེབས་ཁྱོན་མུའུ་ཁྲི་2ཟིན་པ་དང་ཐོན་ལས་ཀྱི་རིན་ཐང་སྒོར་དུང་ཕྱུར་3ལྷག་ཙམ་ཟིན་ཏེ། དུད་ཚང་1000ལྷག་ཙམ་ལ་ཡོང་འབབ་སྒོར་ཁྲི་8000ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་ཅིང་མུ་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲི་གཡག་གསོ་སྤེལ་ར་བར་ལག་ཡོད་འབྲི་གཡག་མགོ་གྲངས་3000ལྷག་ཙམ་གསོ་སྤེལ་དང་གནད་སྨིན་གསོ་ཚགས་བྱས་ཡོད། གསོ་སྤེལ་ར་བའི་གསོ་ཚགས་པ་ཚེ་རིང་འཛོམས་པས་ཕྱུགས་ཚང་ནང་འབྲི་གཡག་གི་གཟན་ཆག་དང་བདེ་ཐང་གནས་ཚུལ་སོགས་ཐོ་འགོད་ཞིབ་ཚགས་བྱེད་བཞིན་ཡོད།

    ཚེ་རིང་འཛོམས་པས། དེ་སྔ་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་སྟབས་གསུམ་འཕྲེང་གྲོང་ཚོའི་སྲོལ་རྒྱུན་གསོ་སྤེལ་བྱ་ཐབས་རགས་ལས་རྣམ་པ་ཡིན་པ་དང་། དེ་ལས་འབྲི་གཡག་གསོ་སྤེལ་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་དཀའ་བས། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་ཚོད་འཛིན་ཐེབས་ཡོད། 2018ལོར་གསུམ་འཕྲེང་གྲོང་ཚོའི་སྐལ་བཟང་ཐང་དུ་དེང་རབས་ཀྱི་ཞིང་འབྲོག་ལས་དཔེ་སྟོན་གླིང་བཙུགས་ཤིང་། དཔེ་སྟོན་གླིང་གིས་ཕག་རིའི་འབྲི་གཡག་དང་ཉང་གཡག་སོགས་རྒྱུད་བཟང་འབྲི་གཡག་ནང་འདྲེན་བྱས་པ་དང་། འབྲི་གཡག་གི་གཟན་རྩྭར་ལས་སྣོན་ཞིབ་ཚགས་བྱས་པ་རེད། འཚོལ་ཞིབ་འཕེལ་རྒྱས་བཏང་བ་བརྒྱུད། དཔེ་སྟོན་གླིང་གིས་རྩྭ་དང་། འབྲི་གཡག ཤ འོ་མ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་བསྐྲུན་པ་དང་ཆབས་ཅིག “ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི”གསོ་ཚགས་གསོ་སྤེལ་བྱེད་སྟངས་བརྒྱུད། ཡུལ་དེ་གའི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་གསར་འགོད་པར་བཤད།

    ཡར་ཀླུང་གཙང་པོའི་ཆུ་ལག་མྱང་ཆུའི་སྟོད་རྒྱུད་དུ་ཡོད་པའི་རྒྱལ་རྩེ་རྫོང་གི་མང་ཚོགས་ཚོར་ཡང་་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཁྲོད་ཕན་པ་ཐོབ་ཡོད། རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཡུལ་མི་སྒྲོལ་མ་ནི་འབྲུ་འདེབས་དུད་ཆེན་ཞིག་ཡིན་ཞིང་། ཞིང་ལས་བྱས་ནས་ལོ་20ལྷག་ཙམ་སོང་བའི་ཁོ་མོས་ནས་མུའུ་རེའི་ཐོན་ཚད་རྒྱ་མ་ལྔ་བརྒྱ་དྲུག་བརྒྱ་ནས་རྒྱ་མ་1000བར་གྱི་མཆོང་སྐྱོད་ལ་བདེན་དཔང་བྱས་ཡོད།

    “དེ་ནི་ཐོན་འབབ་མཐོ་བའི་ནས་ཀྱི་སོན་བཟང་དང་ཞིང་ལས་ཚན་རྩལ་པ་དང་མཉམ་ལས་ཁང་གི་མཛུབ་ཁྲིད་ཞིབ་ཚགས་ལས་བྱུང་བ་ཞིག་རེད”ཅེས་སྒྲོལ་མས་བཤད།

    ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས་ནས་ཐོན་ཁུལ་གཙོ་བོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ནས་ཀྱི་ཐོན་ལས་ཀྱི་ཁྱད་ལྡན་ལེགས་ཆར་དམིགས་ཏེ། མ་དངུལ་སྤྱི་འདོམས་དང་། སྲིད་ཇུས་བསྡུ་སྒྲིལ། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་སྔོན་ལ་འཕེལ་རྒྱས་བཏང་བས། ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།