དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་སྡོད་ཁང་གི་སྤུས་ཚད་ལེགས་གཏོང་གི “དཔྱིད་རླུང་བྱ་སྤྱོད”སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    འདི་ནི་ཨར་ལས་མི་སྣས་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་པ།

    ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་ཆེད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་2025ལོ་ནས་2027ལོའི་བར་གྲོང་གསེབ་ཀྱི་སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་བའི“དཔྱིད་རླུང་བྱ་སྤྱོད”དངོས་སུ་སྤེལ་འགོ་བཙུགས་པ་རེད།

    ད་རེས་ཀྱི“དཔྱིད་རླུང་བྱ་སྤྱོད”ཀྱིས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་འགན་སྲུང་བྱ་ཡུལ་གཙོ་བོར་བྱས་ཏེ། “འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་དང་རང་མོས་མཉམ་ཞུགས”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལོ་གསུམ་ལ་དབྱེ་ནས་ལག་བསྟར་བྱེད་རྩིས་ཡོད་ལ་སྔོན་དཔག་ལྟར་ན་ཞིང་འབྲོག་པའི་ཁྱིམ་ཚང་6000ཙམ་ལ་ཕན་པ་ཐོབ་རྒྱུ་མ་ཟད། དམངས་འཚོའི་ལས་གྲྭ་དེ་ལག་བསྟར་བྱས་ན་མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་གཏོང་བར་ཡང་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    ཉེ་ཆར། གསར་འགོད་པས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་དང་བཀྲ་ཤིས་སྒང་ཤང་སོགས་ཀྱི་ཨར་ལས་བྱ་ཡུལ་དུ་བཅར་འདྲིར་བསྐྱོད་པ་ན། གྲོང་གསེབ་ཀྱི་སྡོད་ཁང་སྒྱུར་བཀོད་ལས་གྲྭར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་བདེ་སྡོད་གྲོང་དར་གྱི་ཉམས་དགའ་བའི་རྣམ་པ་ཞིག་མཐོང་བྱུང་།

    རྩ་ཞོལ་ཤང་མཐའ་རྒྱས་གྲོང་ཚོར་གྲོང་མི་བསོད་ནམས་མཐར་ཕྱིན་གྱི་སྨི་ངོས་གྲུ་150ཟིན་པའི་སྡོད་ཁང་གསར་པའི་སྒྲོམ་གཞི་རགས་ཙམ་གྲུབ་ཡོད། “སྔོན་ཆད་ཀྱི་ས་ཁང་ལ་ཡུན་རིང་ཉམས་གསོ་བྱེད་ཐུབ་མེད། ད་ཆ་སྲིད་གཞུང་གིས་ཁ་གསབ་སྤྲད་ནས་ཁང་པ་གསར་པ་བརྒྱབ་པར་བརྟེན། ང་ཚོ་བཟའ་མི་དྲུག་པོ་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཁང་ཁྱིམ་གསར་པར་མགྱོགས་པོ་སྤོ་ཐུབ་ཀྱི་རེད”ཅེས་བསོད་ནམས་མཐར་ཕྱིན་གྱིས་དགའ་ཚོར་ཆེན་པོས་བཤད། ཀློང་གྲོལ་སྒང་གྲོང་ཚོའི་ལོ་63ལ་སླེབས་པའི་བགྲེས་སོང་བསམ་གཏན་ཁྱིམ་གྱི་སྨི་ངོས་གྲུ་180ཡོད་པའི་ཁང་པ་གསར་པའི་སྒྲོམ་གཞིའི་ཨར་ལས་ཀྱང་གྲུབ་ཡོད། “སྲིད་གཞུང་གིས་ཆེད་ལས་མི་སྣ་མངགས་ནས་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། གསེག་མ་སྡེབ་ཚད་ཀྱང་དམ་འཛིན་ནན་པོ་བྱས་ཡོད། ཁང་པ་འདི་ལྟ་བུའི་ནང་བསྡད་ན་ཧ་ཅང་བློ་བདེ་པོ་ཡོང་བ་འདུག”ཅེས་བགྲེས་སོང་བསམ་གཏན་གྱིས་བཀའ་དྲིན་ཚོར་བའི་སྒོ་ནས་བརྗོད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་ལོ་རྫོང་དེ་ཡོངས་ཀྱིས་ཁྱིམ་ཚང་1828ལ་སྒྱུར་བཀོད་བྱེད་རྩིས་ཡོད་ཅིང་། མིག་སྔར་ཁྱིམ་ཚང་1781ལ་ཨར་ལས་བྱེད་འགོ་བཙུགས་ཟིན་པ་དང་ཁ་གསབ་སྒོར་དུང་ཕྱུར་2.73སྤྲོད་རྒྱུ་རེད། དེའི་ནང་རྩ་ཞོལ་ཤང་གི་ཁྱིམ་ཚང་356གི་སྒྱུར་བཀོད་ལས་འགན་ནས་ཁྱིམ་ཚང་327གྱི་རྩིག་རྨང་ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཁ་གསབ་སྒོར་ཁྲི་1900ལྷག་ཙམ་སྤྲད་པ་དང་། བཀྲ་ཤིས་སྒང་ཤང་གི་སྒྱུར་བཀོད་ཁྱིམ་ཚང་429ཚང་མའི་ཨར་ལས་བྱེད་འགོ་བཙུགས་པ་དང་། ཁྱིམ་ཚང་238ཀྱི་རྩིག་རྨང་ལ་ཞིབ་བཤེར་རྩིས་ལེན་བྱུང་བ་དང་ཁ་གསབ་སྒོར་ཁྲི་844.8སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།