དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ།

    དྲ་ཐོག་དང་དྲ་ཕྱིའི་རིག་གནས་ཀྱི་བར་མཐོངས་ཁམས་གཙང་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-29

    ད་ལོའི་ཚུན་དུ། ཆབ་མདོ་གྲོང་ཁྱེར“འཆལ་རྡུང་ལོག་སེལ”འཐབ་ཕྱོགས་ཀྱི་ལས་དོན་པས་ནང་དོན་གཙང་མ་མེད་པའི་དཔེ་སྐྲུན་དངོས་པོར་ཞིབ་བཤེར་དང་བཀག་འགོག་གི་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ། དྲ་ཐོག་དང་དྲ་ཕྱིའི་རིག་གནས་ཀྱི་བར་མཐོངས་ཁམས་གཙང་ཡོང་བར་བྱས་ནས། གྲོང་ཁྱེར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་ས་ཁོངས་ཀྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཁར། བརྒྱུད་རིམ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྡེ་ཚན་དབར་གྱི་བཀག་རྒྱ་ནུས་ཤུགས་ཡོད་རྒུས་བསལ་ནས་མཉམ་འགུལ་བརྡ་ལན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། དངོས་འཐབ་ཀྱི་གྲུབ་འབྲས་ལ་འཕྲལ་མར་ཕྱོགས་སྒྱུར་བྱས་པ་དང་། དཔེ་སྐྲུན་དངོས་པའི་ཁྲོམ་ར་དང་། པར་འདེབས་དང་པར་ལོག བརྒྱུད་སྤེལ་ཐབས་ལམ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། “འབྱུང་རྩ་ནས་གཙང་སེལ”དང་། “མཐའ་བརྟན” “དྲ་རྒྱ་གཙང་སེལ”སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས། བརྒྱུད་སྤེལ་གྱི་ཐབས་ལམ་གཙང་སེལ་དང་། ཁྲིམས་འགལ་གྱི་སྦྲེལ་མཐུད་གཙང་མ་བཅད་དེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བར་དྭངས་གཙང་སྐྱོན་བྲལ་དང་ཧུར་སྐྱེད་ཡར་བརྩོན་གྱི་རིག་གནས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    ད་ལོའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཁྲིམས་སྒྱུར་བ་མི་ཐེངས་945མངགས་ཏེ་ཁྲིམས་འགལ་དང་དབང་ཆ་བཙན་གནོད་ཀྱི་པར་བརྐུས་དཔེ་སྐྲུན་དངོས་པོ་63གཞུང་བཞེས་བཏང་བ་རེད། རིམ་རྩིས་བརྒྱབ་ན། ཆབ་མདོ་དང་འབྲེལ་བའི་ལྡོག་ཕྱོགས་ཆ་འཕྲིན་ཁག་201ཐག་གཅོད་དང་། “འཆལ་རྡུང་ལོག་སེལ”གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་1200ལྷག་ཙམ་སྤེལ་བ། དྲིལ་བསྒྲགས་དཔྱད་ཡིག་21400ལྷག་ཙམ་བཀྲམ་པ། དྲིལ་བསྒྲགས་དངོས་པོ་6430ལྷག་ཙམ་སྤྲད་པར། མང་ཚོགས་མི་ཐེངས་ཁྲི་12ལྷག་ཙམ་དེའི་ནང་ཞུགས་པར་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།